R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A):
[A:༣]ཐོག་མར། །མཆོད་པར་བརྗོད་ཅིང་བརྩམ་པར་དམ་བཅའ་བ། ། ཨོཾ་སྭ་སྟི། ། རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་རྣམ་རོལ་པ། ། རྡོ་རྗེ་རྣོན་པོ་འཕགས་མཆོག་འཇིག་རྟེན་དབང༌། ། མཐུ་སྟོབས་དབང་ཕྱུག་དཔལ་ལྡན་རྡོ་རྗེ་འཛིན། ། སྒོ་གསུམ་མི་ཕྱེད་དྭང་བས་ཕྱག་བགྱིའོ། ། ཞེས་མཆོད་ཚིག་གི་མེ་ཏོག་འཐོར་བ་སྔོན་དུ་སོང་ནས། འདིར་དཔལ་ལྡན་ས་སྐྱའི་གདུང་རབས་བྱོན་ཚུལ་ངོ་མཚར་རིན་པོ་ཆེའི་བང་མཛོད་ཅེས་བྱ་བ། སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་འཇམ་མགོན་ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་མཛད་པ། ངོར་ཆེན་མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་དཔལ་ས་སྐྱའི་གདུང་རབས་ཚིགས་བཅད་མ་ཡ་རབས་ཁ་རྒྱན་དང་རྩ་འགྲེལ་གྱི་ཚུལ་དུ་མཛད་པ་ལ། སྔགས་འཆང་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་རིན་ཆེན་གྱི་རྣམ་ཐར་ཡན་གྱི། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་གསུང་རབ་དགོངས་འགྲེལ་རྫོགས་ནས། དེ་རྗེས་