R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༡༤
[A:༡༡༤]གཞི་བསྙེན་ལ་བཞུགས་སྟན་འཇགས་པ་སྟེ། འདི་ནི་གཞི་བསྙེན་ཐོག་མའི་སྐབས་སོ། །སྨིན་ཟླའི་ནང་ཐར་རྩེ་རྡོ་རྗེ་འཆང་གིས་ཚོམས་དམར་དུ་སྤུ་ཞུ་མཛད་པའི་ནུབ་མོ་རྗེ་རྡོ་རྗེ་འཆང་ཉིད་ལ་བླ་མས་རྗེས་བཟུང་གི་མཚན་མ་འདི་ལྟར་འཁྲུངས་ཏེ། གསེར་ཁང་སྟེང་གི་ནམ་མཁའ་ཉིན་ཟླའི་འོག་ཙམ་ནས། འཇའ་སྤྲིན་དམར་པོའི་དབུས་སུ་ཡབ་རྗེ་དེ་ཉིད་སྐུ་མདངས་དམར་ཞིང་སྔགས་ཆས་སྐུ་བེམ་དམར་པོ་དང་ས་ཞུ་བཞེས་ཤིང་གཡོན་སྐྱབས་སྦྱིན། གཡས་གོས་དམར་ལ་ལམ་ཟབ་བིར་སྲུང་སོགས་ཀྱི་ཕྱག་དཔེ་ཡིན་དགོངས་པ་ཞིག་དྲིལ་ནས། སྐུ་འཁྲིས་ཀྱི་ཉེ་གནས་བརྒྱུད་རྗེ་རྡོ་རྗེ་འཆང་ཉིད་ལ་བསྩལ་ཉམས་ཅན་བཞུགས་པ་ལ། བཞུགས་གཡབ་གཡམ་སྐྱོར་ཤར་འཁྲིས་ནའང་ཡབ་རྗེ་དེ་ཉིད་བཞེངས་ནས་ནམ་མཁར་བཞུགས་པའི་ཡབ་རྗེ་རང་གི་སྐུ་ལ་བཤད་པ་མཛད་པ་ཞིག་འཁྲུངས་པ་ནི། དུས་ཕྱིས་རྗེ་རྡོ་རྗེ་འཆང་ཉིད་རྗེ་བཙུན་ས་སྐྱ་པའི་གསེར་ཆོས་ཀྱི་མཚོན་སྙིགས་མའི་དུས་འདིར་ཡོངས་རྫོགས་བསྟན་པ་རིན་པོ་ཆེའི་མངའ་བདག་མཛད་པ་ལ་འགྲན་ཟླས་དབེན་པར་འབྱུང་ཞིང༌། སྐྱབས་གནས་ཀུན་འདུས་ཡབ་རྗེ་རྡོ་རྗེ་འཆང་ཉིད་ཀྱིས་རྣམ་ཀུན་རྗེས་སུ་འཛིན་པའི་བརྡ་ཡང་དག་པར་གདོན་མི་ཟ་ཞིང༌། དེ་དུས་སྤུར་སྒམ་ནས་གདུང་རུས་ཕྲན་བུ་ཞིག་རྗེ་ཉིད་ལ་བྱོན་པ་ནི། ཕྱིས་སུ་གདུང་འཛིན་གྱི་གོ་སར་བཞུགས་དགོས་ཀྱི་བརྡར་ངོས་འཛིན་མཛད་ཅིང༌། དེ་ནས་རྗེ་ཉིད་ཀྱི་གདན་ས་ཆེན་པོའི་སྦྱིན་བདག་འགའ་ཞིག་གྲུབ་ཐོབ་དང་གྲུབ་རྒྱལ་གྱི་ཚེ་དབང་ཚར་ཁ་ཤས་ཡང་དག་པར་སྩོལ་བའི་དུས་སུ་ཚེ་ཆང་ཕྱོགས་