R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༡༣
[A:༡༡༣]བརྩོན་འགྲུས་ཡེ་ཤེས་སོགས་ལས་བདེ་ཀྱཻ་གསང་གསུམ་སོགས་གདན་ས་ཆེན་པོར་བཞུགས་པའི་ཕྱག་ལེན་དབྱངས་རོལ་སོགས་གསན་སྦྱོངས་མཐའ་ཆོད་པ་བཀའ་དྲིན་བསྐྱངས། སྨིན་ཟླ་ཙམ་ལ་ནད་འཁྲུན་ཡོངས་རྫོགས་ཆོད་ནས། མགོ་ཟླའི་བདེ་མཆོག་སྒྲུབ་མཆོད་དང་དུས་མདོས་སོགས་རྗེ་རྡོ་རྗེ་འཆང་ཉིད་ཀྱི་ཐུགས་འགན་བཞེས་ཤིང༌། དུས་མདོས་ཀྱི་ཉེར་གསུམ་ཉིན་གང་གི་ཡབ་རྗེ་དམ་པ་ཉིད་འཚམས་སྐུ་རྣམས་ལ་སྙན་ཤལ་འབུལ་བར་ཕེབས་ནས། གྲལ་གཤམ་དུ་ཚོགས་ཕྱག་མཛད་པའི་ཚེ། རྗེ་རྡོ་རྗེ་འཆང་ཉིད་བཞུགས་ཁྲིའི་སྟེང་མི་ཚུད་པ་ལྟ་བུའི་འཚེར་ཉམས་བྱུང་ཞེས་བཀའ་སྩལ་ཏོ།། དགུང་གྲངས་བཅུ་གསུམ་དུ་ཕེབས་པ་ལྕགས་བྱ་རྟ་ཟླའི་ནང་ཙམ་ནས། གང་གི་ཡབ་རྗེ་རྡོ་རྗེ་འཆང་ཉིད་སྙིགས་མའི་སྣང་ཚུལ་ལ་ཐུགས་སྐྱོ་བའི་བཀའ་ཁོ་ན་བསྩལ་ཏོ། །རིང་མིན་ཆབ་བསགས་ཀྱི་སྙུང་ཚུལ་བཞེས། ཡུམ་སྲས་རྣམས་ནས་ཞབས་བརྟན་རྒྱ་ཆེར་འབད་སྒྲུབ་མཛད་ཀྱང༌། ཕྱོགས་དགོན་རིས་མེད་དུ་གཤེགས་རྫོང་དགོངས་རྫོགས་རྒྱ་ཆེར་གནང་ཚུལ། མི་རིང་བར་ཐུགས་དགོངས་རྫོགས་ཐབས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གདུང་རྟེན་ད་ལྟ་རིགས་འཛིན་ལྷ་ཁང་ན་བཞུགས་པ་འདི་དང༌། ལོ་ཟླ་དུས་ཀྱི་མཆོད་སྤྲིན་རྒྱུན་འཛུགས་མཛད་པ་རྣམས། གདུང་རབས་རྣམ་ཐར་ཞལ་སྐོང་དུ་ཇི་ལྟར་གསུང་པ་བཞིན་དང༌། ཟླ་བ་དེའི་ཚེས་འགོར་མགོན་ཁང་ཁག་བཞིར་ཕྲིན་འཆོལ། སྔོན་འགྲོའི་ཡབ་རྗེའི་བསྟི་གནས་ཕུན་ཚོགས་འཆི་མེད་རྡོ་རྗེའི་གུར་ཁང་དུ། རྗེ་རྡོ་རྗེ་འཆང་ཉིད་དཔལ་ཀྱཻ་རྡོ་རྗེའི་