[A:༡༡༦]མཛད་དོ། །སྔར་གྱི་མཚན་གྱི་སྟེང་དུ་སངས་རྒྱས་བསྣན་པས། དེ་ནས་བཟུང་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་སྙན་གྲགས་དོན་ལྡན་ཁོར་ཡུག་རི་བོའི་ཁོངས་སུའང་རྒྱུ་བ་དེ་ཉིད་ཡོངས་སུ་གྲགས་པར་གྱུར་ཅིང༌། དེ་ལོ་གདན་ས་ཆེན་པོའི་ཕུར་སྒྲུབ་ཀྱི་ཚོགས་དཔོན་འགན་བཞེས་མཛད་པ་ནས་བཟུང་སྐབས་འགའ་མ་གཏོགས་ལོ་ཁམས་ནང་དུ་འཁོད་མིན་ལ་མ་ལྟོས་པར་རྣམ་པ་ཀུན་ཏུའོ། །དབྱུག་ཟླའི་ནང་རྗེ་བཙུན་ས་སྐྱ་པའི་ཡབ་ཆོས་བཅོན་ལྡན་འདས་སྙིང་པོ་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་སྨིན་བྱེད་ཀྱི་དབང་ཆ་ལྔ་ཞལ་ངོ་རྣམས་དང༌། ལས་ཚན་ཁག ཆོས་གྲྭ་ཉི་ཟླ་ཟུང་གི་དགེ་འདུན་བཅས་ལ་བསྩལ་བ་དེ་ནི་སྨིན་བྱེད་ཀྱི་དབང་གི་དཀྱིལ་འཁོར་དུ་ཞལ་སློབ་རྗེས་སུ་བཟུང་བའི་སྒོ་དང་པོ་དང་མགོ་ཟླའི་དུས་མདོས་ཆེན་མོའི་ཚོགས་དཔོན་གྱི་ཐུགས་ཁུར་ཡང་བཞེས་ཤིང༌། བྲག་རྩ་རྡོ་རྗེ་འཆང་བློ་གསལ་བསྟན་འཛིན་རྒྱ་མཚོའི་སྐུ་དྲུང་དུ་གོང་དུ་བསྟན་པའི་རྗེས་གནང༌། ལུང་སོགས་མང་དུ་གསན། དེ་ནས་སྡེ་དགེ་དཔོན་བསོད་ནམས་མགོན་པོ་ཆིབས་བསྐྱོད་ཀྱིས་ཉེར་བདུན་ཉིན་གདན་སར་འབྱོར་ནས་དུས་མདོས་མ་གྲོལ་བར་གང་འཚམ་གྱི་བདག་རྐྱེན་ཡང་དག་པ་བཀའ་གསང་གིས་གདམས་སོ།།
དགུང་གྲངས་བཅོ་ལྔར་ཕེབས་པ་ཆུ་ཕག་རྒྱལ་ཟླའི་འགོར་གོང་གི་མདོ་སྨད་ས་སྐྱོང་ཆེན་པོ་ནས་ཞལ་རྒྱས་ཀྱི་དགའ་སྟོན་དངོས་འབུལ་རྨུགས་འཛིན་དབང་པོའི་གན་མཛོད་ཞལ་དབྱེ་བ་ལྟ་བུ་སྔོན་འགྲོའི་ལེགས་སྐྱེས་གྱ་