R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༡༧
[A:༡༡༧]ནོམ་པ་སྟོབ་པར་མཛད༌། སྐབས་འདིར་ཞུ་འོས་འདི་དག་ཀྱང་གླེང་སྟེ། རྗེ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ནི། བླ་མ་གོང་མ་རྣམས་ཀྱི་རྣམ་ཐར་ལ་ཟང་ཟིང་གི་དངོས་འབུལ་འདི་དང་འདི་བརྗོད་ཉོག་ཅན་དུ་སོ་སོར་མང་དུ་སྨོས་པ་དང༌། དོན་ཡོད་མེད་ལ་མ་ལྟོས་པར་སྐྱེ་བོ་ཕལ་པ་མང་པོའི་མིང་བཀོད་པ་དང༌། བརྗོད་དོན་བླ་མ་དེ་དེའི་ངོ་མཚར་མེད་པའི་རྗོད་བྱེད་མཛེས་མཚོན་ཅན་དང༌། ངོ་མཚར་ཆེ་ཆུང་ཇི་ལྟར་ཡང་ཡིན་ལུགས་དྲང་པོ་མི་བཀོད་པར་ཨ་ཕའི་གསོལ་ཞལ་གཙང་མའི་དཔེ་བཞིན། སྒྲོ་བཏགས་མང་དུ་བསྙད་པ་རྣམས་ལ་ནི་རྣམ་པ་ཀུན་ཏུ་མི་དགྱེས་པ་མཛད་ཚུལ་རྣམ་ཐར་ཆེན་མོ་ལས་གསུངས་འདུག་པ་ནི་ཀུན་གྱི་ཙིཏྟར་བཅངས་དགོས། དེ་ནས་ཁོང་དཔོན་གཡོག་སོགས་ལ་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་དབང་ཆེན་འགའ་དང་གྲུབ་ཐོབ་དང་རས་ཆུང་བའི་ཚེ་དབང༌། སྐུ་དངོས་རྣམས་ལ་སྒོ་རུམ་ཡེ་ཤེས་མགོན་པོའི་སྐུ་དྲུང་དུ། གུར་ལྷ་བརྒྱད་ཀྱི་རྗེས་གནང་དང་སྦྲགས་བཀའ་བསྒོ་སོགས་ཐུགས་འདོད་ཀྱི་རེ་བ་ཡོངས་སུ་ཆོས་ཀྱི་སྒོ་གནས་ཁེངས་པར་མཛད། དེ་ནས་དད་པའི་རྩ་བ་བརྟན་པོ་དང་ལྡན་ན་མཐོང་ཐོས་དྲན་རེག་ཀུན་དོན་ལྡན་དུ་འགྱུར་བའི་དྲི་གཙང་ཁང་རྣམས་སུ་མཆོད་འབུལ། གནས་གཟིགས། བསྔོ་སྨོན་སོགས་ཡང་དག་པས་མཚམས་སྦྱོར་རྣམས་མཛད༌། གདན་ས་ནས་འཐོན་ཉེའི་ཕེབས་ཕྱག་སོགས་ལུགས་གཉིས་ཀྱི་བདག་རྐྱེན་ཡང་དག་པ་བསྩལ་ནས། བླ་མ་གོང་མ་རྣམས་ཀྱི་ཕྱག་ལེན་ཕྲ་མོ་ཚུན་ཆད་མི་ཉམས་དར་རྒྱས་སུ་མཛད་པའི་དམ་བཅའ་ཐུགས་ཀྱི་དཔལ་