R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A):
[A:༦]གཉིས་པ། ཚིགས་བཅད་ཀྱི་སྒོ་ནས་ནང་དོན་མདོར་བསྟན་པ། དངོས་དང་གདན་རབས་བཤད་པ་གཉིས་ཀྱི་དང་པོ་ལ་ཡང༌། ཚིགས་བཅད་ཀྱི་སྒོ་ནས་མདོར་བསྟན་པ་དང༌། དེའི་དོན་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། ས་ཆེན་རྡོ་རྗེ་འཆང་དངོས་བསྟན་པའི་བདག །འཇམ་མགོན་ཀུན་དགའ་བློ་གྲོས་སངས་རྒྱས་ཀྱི། །བསྟན་པའི་རྒྱལ་མཚན་འཛིན་མཛད་གང་དེ་ཡི། །བདེ་སྟོང་ཡེ་ཤེས་འགྲུབ་རྟེན་ཕྱག་རྒྱ་རུ། །རུ་ཐོག་རྒྱལ་པོའི་སྲས་མོ་མཆེད་གཉིས་ལས། །སྐལ་བཟང་བདེ་སྐྱིད་བུ་ཁྲིད་ཞེས་བྱའི་སྲས། །གཅེན་པོ་འགྲོ་མགོན་དབང་སྡུད་སྙིང་པོ་དང༌། །གཅུང་པོ་ཨེ་ཝཾ་བཟང་པོ་རྣམ་གཉིས་བྱོན། །དབང་སྙིང་བཙུན་མོ་རྟ་ནག་རང་བྱོན་མ། །མཆེད་ལས་པདྨ་བདུད་འདུལ་ཀུན་རིན་དང༌། །དངོས་གྲུབ་དཔལ་འབར་མཚན་དང་ཀུན་རྒྱན་ཏེ། །གདུང་རྒྱུད་བཞི་དང་སྲས་མོ་མང་དུ་བྱོན། །དང་པོ་ཟུང་གི་ལྕམ་མོར་སྙིང་རི་བ། །པདྨ་བུ་ཁྲིད་སྲས་ནི་རྡོ་རྗེ་རིན། །དེ་ཙམ་ཞིག་ནས་མི་སྲུན་འགའ་ཞིག་གིས། །འབྱེད་པའི་འཕྲུལ་ལས་སྐུ་མཆེད་ཐུགས་མ་སྙོམས། །ཐ་དད་གྱུར་ལས་ཡབ་རྗེ་པད་འདུལ་གྱིས། །ཞབས་རྟེན་ལྷ་ཁང་རྟེན་བཅས་གསར་བསྐྲུན་གྱིས། །དེར་བཞུགས་མཛད་ནས་ཆོས་