[A:༧]སྲིད་སྐྱོང་བ་ལས། །ཞབས་ལྷའི་གདུང་ངམ་ཕྱིས་བཞུགས་གནས་མིང་ལས། །སྒྲོལ་མ་ཕོ་བྲང་ཞེས་བྱའི་གདུང་བརྒྱུད་དང༌། གཅུང་པོ་ཀུན་རིག་ཞབས་ཀྱིས་བརྡལ་ཆུའི་ནུབ། །ཕུན་ཚོགས་ཕོ་བྲང་ཞེས་བྱ་གསར་བསྐྲུན་གྱི། །དེར་བཞུགས་དེ་ཡི་གདུང་རྒྱུད་ཞེས་བྱ་བྱུང༌། །དེ་ལྟར་གཉིས་ལས་ཕུན་ཕོའི་གདུང་རྒྱུད་ནི། །ཀུན་རིན་བཙུན་མོ་བསམ་བརླིང་ལྟེ་བ་མར། །ཁྲི་ཆེན་ཀུན་བསོད་ཕྱོགས་ཀྱི་གླང་པོ་གཉིས། །གདུང་གཉིས་རྗེ་བཙུན་གསུམ་བྱོན་ཀུན་བསོད་ཀྱི། །བདག་མོ་སྙིང་རི་འཆི་མེད་ཚེ་སྒྲོལ་ལས། །ཁྲི་ཆེན་འཛམ་གླིང་དབང་གི་མཚན་ཅན་དང༌། །འཇམ་དཔལ་དངོས་གྲུབ་རྒྱ་མཚོ་ཞེས་གྲགས་པའི། །གདུང་གཉིས་རྗེ་བཙུན་མཆེད་བཅས་བྱུང་བ་ལས། །འཛམ་དབང་བདག་མོ་ཐོན་སྲས་དབང་སྒྲོལ་ལས། །ད་ལྟའི་གདུང་རྒྱུད་ཟུང་དང་རྗེ་བཙུན་བཅས། །ད་ལྟ་འཚོ་ཞིང་བཞུགས་པ་འདི་དག་གོ །ཡབ་རྗེ་པདྨ་བདུད་འདུལ་དབང་ཕྱུག་གིས། །ཁབ་བཞེས་བཙུན་མོ་བར་སྦུག་མཐོང་སྨོན་པ། །རྒྱལ་ཡུམ་ཞིང་སྐྱོང་དབང་མོ་ཞེས་བྱའི་སྲས། །ཨོ་རྒྱན་གཉིས་པ་བཀྲ་ཤིས་རིན་ཆེན་དང༌། །རྗེ་བཙུན་མཆེད་སོགས་བྱོན་པའི་ཐེག་ཆེན་དབང༌། །མངྒའི་མཚན་གྱི་དྭགས་པོ་ལྕང་ར་བའི། །རིག་མ་བསོད་ནམས་དཔལ་སྒྲོན་བུ་ཁྲིད་སྲས། །རིགས་བརྒྱའི་ཁྱབ་བདག་ཀུན་དགའ་སྙིང་པོ་དང༌། །གསང་བདག་དཔལ་ཆེན་འོད་པོ་རྣམ་གཉིས་དང༌། །རྗེ་བཙུན་མཆེད་གསུམ་ལ་སོགས་བྱོན་པ་ལས། །གང་དེའི་ཡེ་ཤེས་བསྐྱེད་གྲོགས་ལྷ་རི་རྩེ། །རྒྱ་ཡུམ་འཆི་མེད་རིག་འཛིན་དཔལ་ལྷ་མོར། །ལྷ་རིགས་