R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༠༣
[A:༢༠༣]རྒྱས་པ། འཕེལ་རྒྱས་བཞུགས་འཚེར་དུའང་ཁྲུང་བཞེས་སོགས་གོ་བབས་དང་བསྟུན་པའི་བདག་རྐྱེན་ཡང་དག་བཀའ་དྲིན་ཆེ་ནས། ཆུ་སྟོད་ཚེས་གསུམ་ལ་རྒྱལ་པོ་དཔོན་གཡོག་འཐོན་པ་སོགས་རྟེན་འབྲེལ་ཁྱད་པར་ཅན་དེ་འདྲའང༌། རིང་པོ་མི་ཐོགས་པར་གདུང་རྒྱུད་རིན་པོ་ཆེ་ཕེབས་པའི་ལ་ཉེ་ཤིན་ཏུ་བཟང་བར་ངོས་འཛིན་མཛད། ཟླ་ནང་དེ་ཕུན་གླིང་དུ་ཕེབས་ཏེ་མོ་ལུང་བཞིན། རྗེ་ཉིད་ནས་བརྩེ་ཆེན་ལྷ་ཁང་དུ་ཕུར་བཟློག་ཤིན་ཏུ་རྒྱས་པ་ཉིན་བཞིའི་རིང་ནམ་ལངས་ས་རུབ་ལྟ་བུར་སྒྲུབ་གནང་གིས་ལྷོ་ཆེན་སྟེང་ནས་ནུབ་ཏུ་འཕེན་པར་མཛད། གྲོ་བཞིན་ཟླ་ནང་ཙམ་ལ་སྤྱན་ལྟས་སུ། པུ་ཏྲར་འཕྲིན་འཆོལ་དམིགས་ཕུག་མཛད་ཚེ་ཆུ་ལུག་ནང་གདུང་རྒྱུད་རིན་པོ་ཆེ་འབྱོན་པར་ལུང་བསྟན་པ་དང་དུས་མཚུངས། འདར་གྲང་མཁན་ཆེན་ངག་དབང་ཤེས་རབ་ནས་ཀྱང་དགེ་འཕེལ་དུ། གདུང་རབས་མྱུར་འབྱོན་གྱི་གསོལ་འདེབས་ནན་ཏན་མཛད་པའི་མནལ་ལམ་དུ། འཇམ་དབྱངས་ཀྱི་བྲིས་སྐུ་ཞིག་གི་གྲས་ལ་བྱིས་པ་ཆུང་ངུ་དར་དང་རིན་པོ་ཆེས་བརྒྱན་པ་ཞིག་བྱུང་བ་བཞིན། གདུང་རྒྱུད་ཕེབས་ངོ་ཤིན་ཏུ་ཆེ་བ་འཁྲུངས་ཤིང༌། གཞན་ཡང་གྲ་བཞིན་ནང་རྗེ་ཉིད་ནས་ནང་སོར་འཕྲིན་འཆོལ་ཞག་གཅིག་མ་དང༌། ཁྲུམས་ཟླའི་བཅུ་བཞི་ནས་བཟུང་གཏའ་གཏོར་ཟུར་བརྒྱད་པ་འཛུགས་གནང་དང་ཆབས་ཅིག་འཕྲིན་འཆོལ་ཞག་གསུམ་མ་མཛད་དེ་རྒྱལ་ཟླའི་བཅུ་བཞིའི་བར་དུས་གཏོར་ཆག་མེད་བཟུང་ནས། གཏོར་མ་སྤོ་བར་མཛད་དེ། ཆུ་ལུག་རྟ་ཟླ་ནས་ཆུ་སྟོད་ཀྱི་བར་ལ་གཏོར་འཛུགས་མཛད་པའི་དམ་བཅའ་