[A:༢༡༡]མཛད། ཟླ་མཇུག་དེར་ཁྱད་བྱང་དུ་གཏང་རག་གཏོར་བསྔོས་བརྒྱ་ཚར་དང༌། དུས་གཏོར་ཆེན་མོ་ལྷན་དུ་གནང་ཞིང༌། ས་གའི་མགོར་བདེ་མཆོག་རྗེ་བཙུན་རྣམ་གསུམ་ནས་ལེགས་སྐྱེས་དང༌། ཟླ་མཇུག་སྨན་ཆབ་ལ་ཕེབས་སྐབས་གཉེར་བགྲེས་སོགས་ནས། ད་ལོ་འུ་ཅག་འདི་འདྲའི་སྐུ་ཇུས་འགྲོ་བ་ཞེས་སོགས་མི་རྒན་བསམ་པ་རྫོགས་ཚུལ་གྱི་འཕྲོས་ཞུས་དང༌། དེ་དུས་ཆོས་གྲྭ་ལྷོ་བྱང་འདུས་ཚོགས་ལ་བདེན་ཚིག་བཀྲ་ཤིས་འགྱུར་མེད་གཡུང་དྲུང་ཐུག་འཛིན་དུ་བསྩལ། སྣྲོན་ཟླའི་ཚེས་དགུར་ཉི་མ་མེ་བཞིའི་འགྲུབ་སྦྱོར་ཉིན་ལྷ་མོ་གསོལ་མཆོད་མཛད་རྒྱུའི་ཤར་མདའ་བཏང་ཙམ་ལ་གནས་བཅུའི་རྩེ་ནས་ཆོས་དུང་རིན་པོ་ཆེ་གསུང་བསྐུལ་ཏེ། མདུང་པ་སོགས་ཀྱིས་སྔུན་བསུས་སྒོ་རུམ་རྩེར་བཞུགས་ཁྲི་འདྲེན་ཆས། བྱིངས་ལ་གདན་ཐོག་དཀར་ཡོལ་ཇ་འདྲེན་དངུལ་ཏིབ་བཅས་ལྷ་བསངས་གྲོལ་ནས། མཁན་ཕྱག་བན་ཚང་པ་སོགས་ཚོམས་དམར་དུ་ཇ་མགྲོན་ཐོག་མཛོད་འཛིན་ནས། གདུང་རྒྱུད་རིན་པོ་ཆེ་ཞལ་གཟིགས་པའི་ཞབས་བརྟན་འཛུགས་རྒྱུ། ལེགས་འབུལ་སོགས་ཀྱི་བརྡ་འགྲེམ་དང་དེ་ནས་ལྷ་མཆོད་གྲུབ་ནས་མར་ཕེབས་གདོང༌། སེར་ཁང་རྩེ་ནས་ཆོས་དུང་གསུང་བསྐུལ། དར་འཕྱར། དུང་ཆེན། ཆ་ཞབས་ཁམ་དྲུང་བསམ་བརླིང་དུ་གཞས་པ་རྣམས་ནས་བྱ་ཁྲ་མའི་བྱང་གི་གསིང་གཤོངས་སུ་བསུ་བའི་ཞལ་བཀོད་བཅས་སྔོན་དུ་བཏང་ནས། ལྷ་ཁང་ཆེན་མོར་གཡས་བསྐོར་གྱིས་ཤོགས་ཆེ་བར་ཚོམས་དམར་དུ་ནོར་བུའི་དོ་ཤལ་བཀྲམ་པ་དང༌། སོ་སོའི་གདན་བཀོད་བཅས་མཆིས་པར་ཤར་མར་ཕེབས་