R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༡༣
[A:༢༡༣]ནས་མདུང་དར་སྙན་ཤལ་སྤྱན་གཟིགས་རྣམས་དང་བཅས་སྐྱེད་ལྷས་སུ་ཆིབས་བསྐྱོད་ཀྱིས་ཞལ་འབྲིང་རེ་གཉིས་མ་གཏོགས་མཛོད་འཛིན་སོགས་ཚང་མ་ས་སྐྱར་མངགས། དེ་ལོ་ཐམས་ཅད་ལ་དགའ་ཉམས་ཀྱིས་རྟ་ཞོན་ནས་བྲེལ་པོར་འགྲོ་བ་ལ་དཔེ་མེད་མཉེས་འགྲོ་བ་ཞིག་ཡོད་གསུངས། དེ་ནུབ་འཕགས་པ་ཕུག་ཏུ་གསུང་བསྐང་བསྡུས་ཙམ་དང༌། སང་དེ་ནས་དམ་ཚིག་བསྐང་གསོ་དང༌། རྗེ་ཉིད་ནས་སྐྱེད་ལྷས་རྩེ་དང་སྒྲུབ་སྡེ་བ་རྣམས་འཕྲལ་ནས་ཕྱོགས་བཞིའི་རི་རྩེར་བསངས། དེའི་ཚེ་ས་སྐྱ་སྲས་ཡུམ་ནས་གནས་ཚུལ་གྱི་གསུང་བྲིས་ཚིགས་བཅད་མ་ཕུལ་བའི་བཀའ་ལན་ཡང་ཚིགས་བཅད་ངོ་མཚར་ཅན་དུ་མཛད་དེ། ཐུགས་དགྱེས་པའི་ངང་ནས་བསྩལ། དེ་དུས་སྤྱན་ལྟས་སུ་དངུལ་བུམ་གཡུ་ཁྲ་ཅན་སོགས་ཆོས་སྐྱོང་དགྱེས་པའི་མཚན་མ་མང་ཙམ་འཁྲུངས་ཀྱང་ཆོས་སྐྱོང་བཀའ་གཉན་པའི་སྟབས་དེ་ཙམ་ལས་ཟིན་བྲིས་མ་མཛད། གྲོལ་ཉིན་ལྷོའི་སྤང་སྟེང་དུ་གཏོར་འབུལ་སོགས་མཛད་ནས་ཁང་གསར་མཁན་ཆེན་བསོད་ནམས་བཟང་པོའི་ཕྱག་ཕྲེང་མི་ཐོད་མ་རྗེ་ཉིད་ནས་གུར་གྱི་ཡི་གེ་བདུན་མ་འབྲུ་འབུམ་བཟླ་གནང་དེའི་རྒྱན་མདོ་འཛིན་བཅུ་བཤད་བཅས་བྲག་སྒོའི་བུག་ནང་དུ་འབུལ་གནང་ནི། ཕྱིས་ཤིང་འབྲུག་ལོ་ཁང་གསར་ཞབས་དྲུང་ནས་འཇམ་མགོན་སྐུ་མཆེད་ལ་ཞལ་པོད་དང་མགོན་པོད་ཁ་ཤས་ཀྱི་ལུང་བསྩལ་བ་སོགས་མ་འོངས་མངོན་མཁྱེན་གྱིས་རྟེན་འབྲེལ་བཟང་པོ་སྒྲིག་པར་མཛད་རྗེས། མདུང་དར་གསུམ་སྔོན་འགྲོའི་གླུ་གཞས་ཀྱིས་བསུ་བ་བཅས་བསམ་བརླིང་དུ་ཕེབས། དེ་ནུབ་ཀྱང་མཛོད་འཛིན་