R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༡༤
[A:༢༡༤]འཁོར་བཅས་ས་སྐྱར་བྱོན་དུས་མུན་འཐིབས་ནས་འགའ་ཞིག་ལམ་དུ་མགོ་འཁོར་བའང༌། གད་མོའི་གནས་སུ་བགྱིད་པ་ལས་ངལ་བའི་རྣམ་པ་གཏན་ནས་མི་བྱེད་པའང་བྱུང་གསུངས། བཞུགས་རིང་བསངས། གངས་མཆོད། རབ་གནས། དམག་ཟོར་མའི་གཏོར་བསྔོ་བརྒྱ་རྩ། བསྐང་བ་གསོལ་ཁ། མངའ་གསོལ་སོགས་བཀའ་དྲིན་ཆེ་ཞིང༌། གླུ་གཞས་པར་ཇ་མར་ཤ་ཆང་ཁ་བཏགས་སོགས་བསྩལ། སྔ་དགོང་ཞལ་འདོན་གྱི་གསང་ལ་པུ་ཏྲའི་མངའ་གསོལ་དང་རྟག་གཏོར་བཅའ་སྒྲིག་འཕྲོས། ས་སྐྱར་ཕེབས་སྐབས་ཀྱི་ཞལ་བཀོད་ཕྱག་བྲིས་རྣམས་དང༌། གྲོལ་ཉིན་ཤར་གྱི་སྤང་སྟེང་དུ་གཏོར་འབུལ་མཛད་རྗེས་ཆིབས་བསྐྱོད་དེ་སྒྲོལ་མ་ལྷ་ཁང་དུ་མདུང་དར་གསུམ་སྔོན་འགྲོའི་རྒྱལ་ཡུམ་གཉེར་བགྲེས་སོགས་ནས་གཟབ་བཞེས་ཀྱིས་ཆིབས་བསུས། རྗེ་ཉིད་ནས་མཎྜལ་བཞི་པའི་གསུང་ཆོག་གྲུབ་འཕྲལ་ལྷ་ཆེན་བསྐོར་ནས་ཕེབས་སྐབས། སོས་བསྐོར་བ་དང་སྣྲོན་ཟླའི་ཉེར་བརྒྱད་སེར་འདུ་གྲོལ་བའི་མི་མང་གྱེས་ཐོག འགའ་ཞིག་འཁུར་པོ་མགོ་སྟེང་ཁྱེར་བཞིན་དུ་གུས་འདུད་དང་བཅས་འགྲོ་བར་རྟེན་འབྲེལ་དགེ་བར་གཟིགས། དེ་ནས་ནང་སོའི་རྟག་གཏོར་གཟུངས་ཞུགས་དང༌། གཏོར་སྒམ་ནང་གཞུག་རྒྱུའི་ལས་མགོན་བྱེ་བྲག་གི་དྲུག་ལྡན་རྟེན་ཚོགས་རྣམས་ལ་གཟིགས་རྟོག་དང༌། མ་འཐུས་པ་བཟོ་རྒྱུའི་བཀའ་འདོམས་རྣམས་མཛད་ཅིང༌། སང་དེ་ནས་ནང་སོར་གཏང་རག་ཐོག་རྟག་གཏོར་བདུད་རྩིར་སྒྲུབ་གནང་དང་ལྷར་སྒྲུབ་ཀྱི་ལྗགས་བཟླས་གྲངས་ནི་གཏོར་སྒམ་གཤམ་ཡིག་ན་གསལ་བ་བཞིན་དང། གནམ་གང་ཐོ་རེངས་