R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༡༦
[A:༢༡༦]ཐོག ཙན་དམར་ལས་གྲུབ་པའི་ཚེ་དཔག་མེད་ཀྱི་སྐུ་ཆེ་ལེགས་ཕུལ་བའི་རྟེན་འབྲེལ་དགེ་བར་གཟིགས་ཏེ་སྐུ་གདུང་རིན་པོ་ཆེར་བསྩལ་བ་ད་ལྟའང་གཟིམ་ཆུང་རྟེན་གྲས་ལ་བཞུགས། དེ་དུས་ཁལ་ཁའི་མི་སྣ་ཨ་ཡུ་ཥེ་ཟེར་བ་ངོ་གཡོག་གདོང་པཎྜི་ཏ་བློ་བཟང་སོགས་མཐའ་མི་འགའི་ཐུམ་བུ་རྟེན་ཆས་གྲས། ཚེ་མདོ་དང་ནོར་རྒྱུན་མའི་མདོ་བོད་ཡིག་རྒྱ་ནག་པར་མ་ཁ་གསར་ཕྱག་འབྱོར་རྣམས་ཀྱང་ནང་སོའི་རྟག་གཏོར་སྒམ་ནང་དུ་བཞུགས་ཤིང། ཁལ་ཁ་རྣམས་བློ་ཁ་རྫོགས་པའི་མཛད་སྒོ་ཡང་དག་དང༌། ཐོ་རེངས་ཞིག་ཏུ་གཟིམ་ཆུང་འཛམ་གླིང་ཕུན་ཚོགས་དཔལ་འབར་གྱི་སྒོ་ཀྱོག་ནང་གི་བྱང་ཤར་ན། སྟེགས་ཀྱི་ཁར་ནང་སོའི་ཟངས་ཆེན་བཀྲ་ཤིས་འོད་འབར་ཕྱི་ནག་ཅིང་སྣུམ་པ། ནང་ཟངས་དམར་གྱི་ཁ་གསར་གཡའ་དང་བྲལ་བར་ཤར་གྱི་གྱང་ལྡེབ་དེ་ནས་ཤིང་ཤོ་ཝ་ཆུ་ལྟ་བུ་ཞིག་ལས་ཆུ་དྭངས་གསལ་ཟངས་ནང་དུ་འབབ་པའི་སྒྲ་ཁྲོང་ཁྲོང་ཞེས་སྙན་པོར་འབྱིན་མུར་མནལ་སད་པས། སྙན་ཁུང་ན་ཁྲོང་ཁྲོང་གི་སྒྲ་དེ་ལྷང་ངེ་མཆིས་པ་ཞིག་འཁྲུངས་པ་དང༌། ཡང་ནང་སོའི་མགོན་ཁང་མདའི་གཡབ་དེར་རྒྱལ་ཚིང་སྙན་ཤལ་ལ་ཕྲིན་བྱང་འབྲི་སྐབས་རྗེ་ཉིད་ནས་རང་བཞིན་གྱི་གསུང་གླེང་དུ། མགོན་ཁང་དེ་རྒྱ་དཔངས་བསྐྱེད་ན་ལེགས་ཚུལ་གསུངས་པ་དང་མཉམ་དུ་དེའི་ས་དཔྱད་འདྲ་མོ་རྣམ་པ་མཛད་པར་གསོལ་དཔོན་བཀྲས་རྒྱན་དང་རྒྱལ་ཚིང་ཟུང་ནས་བཟོ་བབ་ལེགས་པོ་ཡོང་བའི་སྙན་ཞུ་བཞིན། མ་འོངས་པའི་ལ་ཉེ་དེ་འདྲ་ཡང་བླ་མ་དཀོན་མཆོག་གི་རྒྱུད་བསྐུལ་ལྟ་བུ་ཡིན་འདྲ་