R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༡༥
[A:༢༡༥]པུ་ཏྲ་ཆེན་པོ་མི་ཞིག་ལ་བབས་ནས་དར་དཀར་གྱི་ཐོད་དང་ཕྱུ་པ་དཀར་པོ་བཞེས་ཤིང༌། ཕྱག་ནས་བཀྲ་ཤིས་ཁ་བཏགས་འདོམ་འཁོར་མ་ཞིག་རྗེ་ཉིད་ལ་ཕུལ་བ་དང་བསྟུན། གསུངས་ལས། འདྲེ་ལ་དྲུག་ལྡན་རྟེན་ཚོགས་འདི་འདྲ་སྐུ་དྲིན་ཆེ་བྱུང༌། ཞེས་དེ་མ་ཐག་སྐུ་སངས་པའི་རྣམ་པ་བྱུང་ཡང་དོན་དུ་པུ་ཏྲ་ཆེན་པོའི་ཞལ་མངོན་སུམ་དུ་བསྟན་ཅིང༌། དེ་ནས་རྗེ་ཉིད་ཀྱིས་རྟེན་པ་ཡིན་རྒྱུའི་མི་དེ་ལ་འཇུ་བར་མཛད་དེ། ལས་མགོན་ཆེན་པོ་ཞེས་བོས་ནས་ལུང་བསྟན་ཡོད་རེ་གནང་མུར་མངལ་སད་པས་ཤིན་ཏུ་ཕངས་པ་ཞིག་འཁྲུངས་པའི་ཚུལ་འདི་ནི་འཇམ་དབྱངས་མཁྱེན་བརྩེ་ལ་མཁའ་སྤྱོད་མ་དང༌། ཨ་མེས་ཞབས་ལ་མཁའ་འགྲོ་མ་ཞིག་གིས་དབང་གི་བརྡ་མཛད་པ་སོགས་ཀྱི་མུར་མནལ་སད་པས་ཐུགས་ཕངས་པ་དང་མཚུངས་པས་རྗེ་བཙུན་གོང་མ་འཁྲུལ་ཟད་རྣམས་ཀྱི་རྣམ་ཐར་ཤ་སྟག་གོ །དེའི་ཚེ་ཐུགས་ཤིན་ཏུ་སྤྲོ་བས་ཡང་བསྐྱར་གུ་རུ་རིན་པོ་ཆེའི་བཞེས་སྣོད་མཚན་ལྡན་ཀ་པཱ་ལར། བདུད་རྩི་རིལ་བུ་ཁྲི་སྟོང་བརྒྱ་བཅུ་རྣམས་ཀྱི་རྡོག་དང་སིལ་བུ་ཕོན་ཆེས་བཀང་ཞིང༌། གསེར་ཟངས་ཀྱི་ཚེ་བུམ་ཀྱི་ཚེ་རྫས་ཀྱིས་ཕྱུར་བ་དང༌། གཞན་ཡང་སྣོད་ཟངས་ཁ་ཤས་སུ་ཟས་སྣ་གང་བ་བཅས་ཆུ་སྟོད་ཚེས་གཅིག་སྔ་དྲོ་རྗེ་ཉིད་ནས་ནང་སོའི་བླ་མཚོར་ཀ་ལིའི་བདུད་རྩིས་རྣམས་ཕུལ་ནས། ཀ་ལིར་མ་ད་ན་བཟང་པོས་བཀང༌། ཚེ་བུམ་རྟག་གཏོར་སྒམ་ནང་དང་ཟས་སྣ་བདུན་དུ་བཤམས་ནས་སྒྲུབ་བཞིན་པའི་གཏང་རག་མཛད། གུང་ཚིགས་ལ་ཕེབས་དུས་མུས་གཉེར་དགེ་ཕུན་གཟབ་འཚོར་གྱིས་ལེགས་འབུལ་