[A:༢༤༧]ཟངས་ཆེན་གྱི་རྒྱུ་ལོང་སྒྲ་འབྱིན་པའང་བྱུང་ཞིང༌། དེ་ནས་ཨར་ཟུག་གི་ཞལ་བཀོད་ཕལ་ཆེར་གྲུབ་ནས་མཛོད་འཛིན་གཞུང་ཕྱག་ལ་བྱོན། དེ་ནས་ཁྱད་འཕགས་ལྷོའི་ཐོག་དང་ཚོམས་ཆེན་གཡབ་གསར་ཐོག་མུ་མཉམ་དང༌། ཨ་མེས་ཞབས་ཀྱི་ཞལ་འབག་པུ་ཏྲའི་ཞལ་བརྙན་ལ་སྐུ་གཟུགས་ཀྱི་ཞལ་བཀོད་དང་ས་མཆོད་སོགས་མཛད་མུ་དང༌། ནང་སོ་མགོན་ཁང་སྐོར། མངའ་གསོལ་གཡབ་ཀྱི་ཚོན་རྩི། པུ་ཏྲའི་ལྡེར་སྐུ་ཐུན་མོང་མ་ཡིན་པ་སོགས་མྱུར་དུ་གྲུབ་སྐབས་རྗེ་རྡོ་རྗེ་འཆང་ཐུགས་དགེས་པའི་གསུང་ལས། བཟོ་པ་དང་འུལ་མིའི་བརྩོན་འགྲུས་ལས་བྱུང་བ་འདི་ངེད་རང་གི་རྫུ་འཕྲུལ་ཡིན། ཞེས་ཉམས་ལྡན་གྱི་གསུང་གླེང་དང༌། ཡང་བསམ་ཡས་མ་བཞེངས་ལྷུན་གྲུབ་ཀྱང་འདི་འདྲ་ཀ་ཡིན་ཡོང་གསུངས། སྐུ་འཁོར་བ་དང་བཅས་བཞད་རྒྱངས་དང༌། མངའ་གསོལ་གཡབ་དང་པུ་ཏྲའི་ལྡེར་སྐུར་ཕྱག་ནས་ཕུལ་ཕྱིན་གྲུབ་ནས་སྨིན་ཟླའི་གཏོར་བཟློག་སྐབས་མཛོད་འཛིན་ཡང་འབྱོར་ཞིང༌། ཟངས་ཆེན་དང་སྐུ་གསར་རྙིང་གི་གཟུངས་སྒྲིགས་དང་རྗེ་ཉིད་ཀྱིས་ཕྱག་བསྟར་གྱི་སྨུག་ཆུང་ཞལ་འབག་ཉམས་གསོ་གཟུངས་འབུལ་སོགས་གནང་སྐབས། ལྷ་མིའི་དྲི་བཟང་གིས་མཚོན་མི་ནུས་པའི་དྲིའི་ཁྱད་པར་དཔག་མེད་འཐུལ་ཞིང་། ཕྱག་རོགས་གསོལ་གཟིམ་གཉིས་ནས་མཛད་པས་ནུབ་གཉིས་ཀར་ཁོང་ཟུང་ལ་མོན་ཕྲུག་གཉིས་མངོན་སུམ་དུ་འོངས་ཏེ་གྲི་ཁྱེར་ནས་ཁྱོད་གསོད་རྒྱུ་ཡིན་ཟེར་བ་ལ། གཅིག་ལ་མོན་ཕྲུག་གིས་རག་དུང་རྣ་རྩར་འབུད་པ་སོགས་འཚུབ་ཉམས་དང་འཇིགས་སྣང་ཆེན་པོ་བྱུང་བ་སོགས་ནི། ཞལ་འབག་བཀའ་