R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༥༢
[A:༢༥༢]ན། །སེམས་ཅན་མ་ལུས་ཐམས་ཅན་ཀྱི། །བདེ་དོན་བརྩོན་པ་སྨོས་ཅི་དགོས། །ཞེས་དང༌། བཀུར་བ་འོས་པར་ལེགས་འཁུར་ཞིང༌། །མགོན་མེད་རྣམས་ལ་ལྷག་པར་བྱམས། །བྱས་ལ་དྲིན་ལན་མི་བརྗེད་པ། །དམ་པ་རྣམས་ཀྱི་མཛད་སྤྱོད་ཡིན། །ཅེས་གསུངས་པ་ལྟར་རོ། །དེ་ནས་སྔོན་དུས་འཇམ་མགོན་ཨ་མེས་ཞབས་དང་ཡབ་རྗེ་རཏྣའི་མཚན་ཅན་གྱི་སྐུ་ཐོག་སོགས་ལ་དཔའ་བོ་དང་དཔའ་མོར་རྡོ་ལེགས་སོགས་ཁོག་ཞུགས་ཀྱིས་ངན་གཏད་འདོན་སྲོལ་འདུག་པ་དེ་བཞིན་གྱི་བཀའ་གསང་མཛོད་འཛིན་སོགས་ལ་གྲོལ་ནས། བདུན་ཕྲག་གཅིག་རིང་རྗེ་ཉིད་སྐུ་ཚེའི་སྒྲུབ་པར་བཅད་རྒྱ་མཛད་པ་དང༌། འཇམ་མགོན་རིགས་ཀྱི་མྱུ་གུ་བགྲེས་པ་སྐུ་ཡོན་གསན་སྦྱོང་གནང་རྒྱུའི་ཐོག་མ་ཡོན་ཏན་གཞི་མ་ཡིག་ཀློག་འཛིན་ཆོས་བཅས་འབུལ་བར་མཛད་ཚུལ་རྣམས་འགོ་འཇམ་མགོན་དབང་གི་མཚན་ཅན་གོང་གི་རྣམ་ཐར་ལོ་རྒྱུས་སྐབས་གསལ་བ་བཞིན་དང༌། དེ་དུས་གསན་བཞེས་སྐབས་དང་བསྟན་རིམ་དུ་བདེ་གླིང་ཚོགས་ཡོངས་ནས་ཕྱི་སྐོར་ལ་མེ་ཏོག་འཐོར་གནང་དང་ཆབས་ཅིག་སྐུ་གསུང་ཐུགས་རྟེན་འགའ་ཞིག་ཀྱང་སྤྱན་འདྲེན་གྲས་ལའང་འཇམ་དབྱངས་རྩོད་རྒྱལ་མ་ཕེབས་པས་གསན་སྦྱོང་དབུ་ཚུགས་པ་དང་སྟབས་སྒྲིག་སྐུ་བྱིན་ཅན་གནས་འདིའི་ཕྱི་ནང་དུ་བྱོན་པ་ནི་གཞན་ལས་རྟེན་འབྲེལ་དགེ་བར་གསུངས་སོ། །གོང་གསལ་བཞིན་རྟ་ནག་ནས་དཔའ་ཆེན་ཡིད་ཆེས་གསང་ཁོག་ནས། ཁོག་ཞུགས་སྔ་ཕྱིར་བསམ་ཡས་ཆོས་སྐྱོང་གི་རུ་དཔོན་ག་བྱང་ཡིན་ཟེར་བ་ཞིག་གིས་གཏད་འདོན་ངེས་འབྲངས་ཡོད་པས། དུས་ཚེས་