R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༩༨
[A:༢༩༨]ནོ་མིན་ཧན་བོད་སོག་གི་མི་སྣ་སྟོབས་ཆེན་འབྱོར་པ་རྣམས་ལ་མཇལ་ཕྱག་རྒྱས་པར་བསྩལ། དེ་ཉིན་འཇམ་དཔལ་རྡོ་རྗེས་བསྐང་རྫས་གཟབ་བཤམས་གྲས་ལ་བླ་ཆེན་འཕགས་པའི་རྣམ་ཐར་ཐང་གསར་ཞལ་ཕྱེ་ཞིང། དེའི་ཚེ་ཁོང་རྣམས་ལ་ཕེབས་ཕྱག་དང། འཇམ་དཔལ་རྡོ་རྗེ་སོགས་སྐུ་དྲག་ཉི་ཤུ་སྐོར་ལ་གཉན་སྒྲོལ་རྗེས་གནང་དང་སྒྲུབ་ཐབས་ལས་ཚོགས་ཀྱི་ལྗགས་ལུང། བཀའ་བསྒོ་བཅས་ཚོམས་དམར་དུ་བསྩལ། བས་སེ། ཁེ་སེ་གུང། ཤག་བྱང། བླ་བྲང་སྐུ་ཚབ་སོགས་བཅུ་སྐོར་ལ་འབྱུང་འདུལ་རྗེས་གནང་ལུང་བཅས་བཀའ་བསྒོ་སོགས་ཨེ་ཝཾ་དུ་བསྩལ་ཏེ། ཚེས་ལྔར་ཁོང་དཔོན་གཡོག་བྱིངས་ཕེབས་ཤིང། ཐུ་ཤེ་ཐུའི་མི་སྣ་ཟུང་དང་ཤག་བྱང་སོགས་ཞག་འགའ་བཞུགས། གསུང་ཆོས་ཆེན་མོ་སྣྲོན་ཟླའི་ཚེས་འགོར་མཛད་ཐོག་ས་ཚོགས་སུ་འཇམ་མགོན་དབང་གི་མཚན་འཆང་མཆོག་ནས་སྡོམ་རིག་སོགས་གསུང་བཤད་མཛད་པ་དང། སྡོམ་གསུམ་རབ་དབྱེར་གཞུང་སྐྱོར་ལ་ཐོག་མར་ཕེབས་ཅིང། དེ་དག་གི་ཐོག་གོང་ཁལ་ཁ་སོགས་སོག་པོ་མི་སྣ་རྣམས་ནས་མཎྜལ་སོགས་དངོས་འབུལ་རྒྱ་ཆེར་སྟབ་ཚུལ་བཅས་འོག་འགྲོ་དབང་གི་མཚན་ཅན་གང་གི་རྣམ་ཐར་སྐབས་སུ་གསལ་བ་བཞིན་དང། རིལ་སྒྲུབ་གཏང་རག ལྷ་མོ་མཆོད་བཅས་དང། ཚེས་བཅུར་གུར་དྲག་རྒྱས་པ་དང་སྦྲགས་རྡོར་བྲག་རིག་འཛིན་ཆེན་པོའི་དགོངས་རྫོགས་དང། དེ་ནས་གོང་གི་ཁལ་ཁ་ལོ་ཙཱ་བཅས་ལ་གུར་ལྷ་བཅུ་གཉིས་མའི་དབང་དང། ཐེག་ཆེན་རིན་པོ་ཆེ་དང་རྫོང་པས་དེའི་སྒྲུབ་དཀྱིལ། ཐུབ་པ་དགོངས་གསལ་རྣམས་ཀྱི་ལྗགས་ལུང་སྩལསྩོལ་རྗེས་ཟུར་