R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༢༩༧
[A:༢༩༧]ཁང་དུ་བརྟག་སྒྲིལ་མཛད་པས་སྤོར་རུང་བ་འཐོན་པ་བཞིན། ཟླ་ནང་དེར་བྱང་ཆུབ་མཆོད་རྟེན་ཚད་ལྡན་འདི་ཉིད། བོད་ཁམས་སྤྱི་དང་བྱེ་བྲག་བཟང་པོའི་ཡུལ་གྲུ་འདིའི་སྣོད་བཅུད་ལེགས་སྤེལ་ཕྱིར་གསར་པ་བཞེངས། རིང་བསྲེལ་རྣམ་བཞེས་ཕྱུར་པོར་གཏམས་ཤིང། ཕན་ཡོན་བྱིན་རླབས་ཀྱི་ཁྱད་པར་བཀའ་བསྟན་རྣམས་ནས་མང་དུ་གསུངས་པ་ལྟར་དང། ས་ག་ཟླ་ནང་ངོར་ཁང་གསར་ངག་དབང་ཆོས་སྐྱོང་བཟང་པོ་སྡེ་དགེར་ཕེབས་རྒྱུར། རྒྱུ་ལམ་ལམ་གཟབ་སོགས་དབང་ལུང་མང་དུ་བསྩལ་ཞིང། ཕུར་པ་བླ་གསར་སྡེ་དགེ་འཐོན་རྒྱུའི་ཐུགས་བྲེལ། རིལ་སྒྲུབ་རྣམས་མཛད་མུའི་ཉེར་བརྒྱད་ཉིན་དྲུང་ཡིག་རྒྱལ་ཚིང་དུས་ལས་ཡོལ་འཕྲལ་ཟུར་འཆད་གྲུབ་དབང་དམ་པ་ནས་འཕོ་བ་མཛད་པས། སྤྱི་གཙུག་ནས་རྣམ་ཤེས་ཐོན་པའི་རྟགས་ངེས་གསལ་དང། རྗེ་ཉིད་ཀྱིས་བྱང་ཆོག་དང། རྗེས་སྒྲུབ་རྣམས་བཀའ་གསང་གིས་འདོམས་པར་མཛད་ཅིང། དེ་སྔ་ནས་རྒྱུན་རིང་གནང་མུའི་ཚེ་ཆོག་རྣམ་རྒྱལ། ཞལ་དཀར་པོ་ཚེ་འཕེལ་རྗེས་གནང་སོགས་དང། བསྐང་གསོ་བརྒྱ་ཚར་སྐབས་གོང་གི་ཁལ་ཁ་རྣམས་འབྱོར་རྒྱུའི་གྲ་སྒྲིགས་བཀའ་འདོམས་བསྩལ། སྣྲོན་ཟླའི་ཚེས་གཅིག་ལ་ཆོས་ཁྲི་ཆེན་མོ་རགས་ཙམ་གྲུབ་པའི་རབ་གནས་ཆིག་སྒྲུབ་རྗེ་ཉིད་ནས་བསྩལ་བའི་ཚེ་ཕྱག་གཉེར་འགོ་བཟོ་སོགས་ལ་གནང་ཆ་དང། དབྱར་ཆོས་སྤྱི་པ་གཞིས་ལན་ཐོག་འཇམ་དཔལ་རྡོ་རྗེ་ནོ་མིན་ཧན། རྒྱ་དཔོན་ཟུང་རྣམས་ནས་མཚམས་ཞུ་དང། སང་ཉིན་རྒྱུད་འདོན་གྲུབ་འཕྲལ་གདན་ཐོབ་སོགས་གོ་རིམ་མ་འཆོལ་བར། འཇམ་མགོན་རྡོ་རྗེ་