R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༠༠
[A:༣༠༠]ནས་རྣལ་འབྱོར་དབང་ཕྱུག་བིརྺ་པ། ཤར་ཕྱོགས་ནག་པོ་པ། བྲམ་ཟེ་མཆོག་སྲེད་ནས་རིམ་བཞིན་བརྒྱུད་པའི་ཆོས་སྐོར་སྐུ་གསུང་ཐུགས་ཀྱི་རྟེན་དང་བཅས་པ་རྒྱ་གར་ནས་ལོ་ཆེན་རིན་ཆེན་བཟང་པོས་སྤྱན་དྲངས་པའི་དཔལ་རྡོ་རྗེ་ནག་པོ་རྟེན་དང་བཅས་པ་འདི་ཉིད་ཀྱི་བཀའ་གུང་ཐང་མལ་ལོར་བབས། དེ་ཉིད་ཀྱིས་ས་སྐྱ་པ་ཆེན་པོར་སྩོལ་བར་མཛད་པའི་མལ་གྱི་གདན་ས་ལ། སྔོན་དུས་གུང་ཐང་ན་ལ་རྩེའི་གནས་གསར་ཟེར་བ་དེ་ན་མལ་ལོའི་ཐུགས་དམ་ཡིན་ཞིང། གཙང་ཉང་ཕྱོགས་ཀྱི་དགོན་པ་གླང་པ་གསེར་གླིང་གི་གྲྭ་པ་བྱམས་པ་ཡེ་ཤེས་ཀྱིས། གུང་ཐང་གནས་བསྐོར་འགུག་ནས་ཤིང་རྟ་ཆུ་སྟོད་ནང་དཔལ་ས་སྐྱར་འབྱོར་དུས་ངེད་ལ་བྱིན་པ་དེས་དགེ་བསྐོས་ལ་གུར་གྱི་དབང་བསྐུར་དུས། སྐུའི་རྗེས་གནང་གི་རྟེན་བགྱིས་ཏེ་རྟེན་འབྲེལ་ཁྱད་ཁལ་ཁའི་ཐུ་ཤེ་ཡེ་ཐུ་རྒྱལ་པོ་ཚེ་བརྟན་རྡོ་རྗེར་མཆོད་རྟེན་དུ་ཕུལ་བ་ཡིན་པས། ཤིན་ཏུ་གཅེས་པའི་སྒོ་ནས་མཆོད་གཏོར་ལ་བརྩོན་ཞིང། དམ་ཚིག་བསྲུང་སྡོམ་གྱིས་ཐུགས་ཚགས་མཛད་པས་ཇི་ལྟར་སྨོན་པའི་བཞེད་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །གསུངས་པ་དང། གཞན་ཡང་སངས་རྒྱས་ཀྱི་འཕེལ་གདུང། བདུད་རྩིའི་སྐུ་པར། བྱིན་སྣེ་གསར་རྙིང་སོགས་མང་བ། བསྲུང་བ་དང་ཕྱག་དཔེ་ཕོན་ཆེ་བ་བཅས་ལེགས་པར་བསྩལ་ཏོ། །དེ་ལོ་རྗེ་རྡོ་རྗེ་འཆང་ཡབ་སྲས་རྣམས་ཞལ་རྒྱས་ནས་ཕུར་བསྙེན་བདུན་ཕྲག་གཅིག་སྦྱིན་སྲེག་བཅས་ཀྱང་གནང། དེ་མཚམས་ནས་ཆོས་ཁྲི་རྟེན་བརྟེན་པ་བཅས་ཀྱང་ཧ་ལམ་ཚགས་སུ་ཚུད་སྐབས་དང། སྣྲོན་ཟླའི་ཉེར་དྲུག་ཉིན་