R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༣༦༠
[A:༣༦༠]བརྙན་སོགས་ལའང་གོང་གི་མཚམས་སྦྱོར་དེ་བཞིན་དུ། ཚོགས་བདག་ཀྱང་མཛད་ཅིང་། དེའི་ནུབ་མོ་ནི་སྐུ་ཁམས་ཆེས་ཆེར་ཉོག་ཅིང་། ཐོ་རེངས་ཀྱི་ཆར་གསུང་ལྷང་ལྷང་གི་མུར་རྗེ་བཙུན་རིན་པོ་ཆེ་ཕེབས་བྱུང་བཞུགས་སྟན་ཐིངས་གསུངས་པ་དང་། ཡང་སྐབས་འགར་རྗེ་བཙུན་རིན་པོ་ཆེ་གདན་འདྲེན་ཞུས་ཤིག གསུངས་པ་དང་། སྐབས་འགར་ཛ་ལུང་པ་སྐུ་མདུན་དུ་མྱུར་དུ་གདན་འདྲེན་ཞུས་གསུངས་པ་སོགས་འཁྲུངས་སྣང་མཐའ་ཡས་པའི་མུར་འབྱམས། དེ་ནས་གཞི་བདག་ཤོ་དམར་བར་གསོལ་མཆོད་དང་བཅས་སྔར་གྱི་རྒན་མོ་ཁ་དྲོན་དུ་བཞུགས། དེའི་སང་འཕྲང་ཕུར་བཞུགས་དུས་རླུང་ཆེན་པོ་ལྡང་བ་སོགས་འཚུབ་ཉམས་ཀྱང་འགའ་ཞིག་བྱུང་ཞིང་། དེ་ཉིན་གཟའ་སྐར་ཡང་འཛོམ་པ་བཅས་རྗེ་ཉིད་ཀྱི་རྟོགས་བརྗོད་རིན་པོ་ཆེ་དབུ་ཚུགས་ཙམ་ཟིན་བྲིས་ཕྲན་བུ་ཞིག་མཛད་པ་ནི། འདི་དང་འདི་ལྟ་བུ་དགོས་སོ་ཞེས་འདོམས་པར་མཛད་པ་ཡིན་གྲགས། དེའི་སང་སྣྲོན་ཟླ་སྔོན་མའི་ཉེར་དྲུག་ཉིན་ལྷུན་གྲུབ་སྡིང་དུ་ཞལ་ངོ་རྣམས་དང་། ཆོས་ཞུ་བ་སྐུ་དྲག་རྣམས་བཅས་ནས་ཆིབས་བསུས། མངའ་ཞབས་ཀྱི་གཞས། སེར་ཕྲེང་སོགས་ལེགས་ལམ་བཟང་པོ་དང་བཅས་གདན་ས་ཆེན་པོའི་གཞི་ཐོག་ཕོ་བྲང་དུ་ཕེབས་སྐབས། ཁྱད་འཕགས་བྱང་གི་ཐེམ་སྐས་ལ་འཁྱེལ་བཞུགས་ཡུན་རིང་ཙམ་མཛད་ནས། སྐྱེ་དགུ་ཀུན་ཞལ་དཀྱིལ་ལ་ལོངས་སྤྱོད་དུ་འཇུག་པར་མཛད་དེ་གཞི་ཐོག་ཕོ་བྲང་དུ་ཕྱག་ལེགས་པར་ཕེབས་ནས། སྐུ་ངོ་ཚང་མ་ཞལ་རྒྱས་ཐོག་གང་ཅིའི་ཕྱི་ནང་གསང་བ་དུས་གསུམ་གྱི་གནས་ཚུལ་དང་