R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༡༩
[A:༤༡༩]རིམ་པ་བར་དོ་ཡན་གྱི་ཁྲིད། ནང་བསྐྱེད་རིམ་གྱི་ཁྲིད་བཅས་དང་། བསྙེན་ཆེན་གྱི་ཡི་གེ། བསྙེན་པའི་ཁ་སྐོང་གི་སྦྱིན་སྲེག་རྣམས་དང་། བུམ་དབང་གི་རྨི་ལམ་མན་གྱི་ཁྲིད་ཀྱི་འཕྲོར་ལུས་པ་རྒྱལ་དབང་ལྔ་པ་རིན་པོ་ཆེས་མཛད་པ། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་མཛད་པའི་སྐོར་ལ། ཀྱཻ་རྡོར་རྒྱུད་གསུམ་གྱི་བརྒྱུད་འདེབས། སློབ་བཤད་ཀྱི་བརྒྱུད་འདེབས་བྱིན་རླབས་ཕོ་ཉ། སྣང་གསུམ་ཁྲིད་ཡིག་ཟླ་བ་བདུད་རྩིའི་ཐིགས་ཕྲེང་། རྒྱུད་གསུམ་ཁྲིད་ཡིག་ཉི་བཞོན་གསར་པའི་ཐིགས་ཕྲེང་ལ་ནང་གསེས་སུ། ལྟ་བ་འཁོར་འདས་དབྱེར་མེད། ཕྱི་བསྐྱེད་རིམ། ནང་བསྐྱེད་རིམ། བུམ་དབང་གི་འདའ་ཁ་མ། བར་དོ་རྨི་ལམ། སྒྱུ་ལུས་བཅས་དང་། ཁམས་འདུས་པ་དང་པོ། གཉིས་པ། གསུམ་པ་བཅས་དང་། བརྡ་དོན་གསལ་བའི་བྱིན་རླབས་ཀྱི་ཡི་གེ་རྣམས་དང་། མགོན་པོ་བསོད་ནམས་མཆོག་ལྡན་གྱིས་མཛད་པའི་ཚོགས་འཁོར་ཆོག་ཁྲིགས། རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱིས་མཛད་པའི་སློབ་བཤད་འཆད་ཐབས། རྨོར་ཆེན་གྱིས་མཛད་པའི་ལམ་འབྲས་བླ་མཆོད་བསོད་ནམས་རབ་རྒྱས་རྣམས་ཀྱི་ལུང་དང་བཅས་པ་ལེགས་པར་གསན་ཞིང་ཁོང་དུ་ཆུད་པར་མཛད་དོ། །གཞན་ཡང་དཔལ་ལྡན་ས་སྐྱ་པའི་གསེར་ཆོས་བཅུ་གསུམ་གྱི་ནང་ཚན་མཆོག་བསྒྲུབས་པས་ཐུན་མོང་ཞར་ལས་འབྱུང་བ་དམར་མོ་སྐོར་གསུམ་དུ་གྲགས་པའི་སྐོར་ལ། ངག་ཆོས་ཡིག་ཆའི་སྟེང་ནས་རྒྱལ་ཆེན་ཨིནྡྲ་བྷུ་ཏིས་བཀྲལ་བའི་ཕག་མོ་ཞལ་གཉིས་མའི་བྱིན་རླབས་ལུང་དང་བཅས་པ། སྤྲོ་ལུང་པ་ཀུན་སྨོན་དང་ངག་ཆོས་པའི་ཡིག་ཆའི་སྟེང་