R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༢༠
[A:༤༢༠]ནས་སློབ་དཔོན་མཻ་ཏྲི་པས་བཀྲལ་བའི་རྣལ་འབྱོར་ལ་རིག་པ་འཛིན་མ་རྩེན་མོའི་བྱིན་རླབས་ལུང་དང་བཅས་པ། ཟབ་པའི་ཡང་ཟབ་ནཱ་རོ་མཁའ་སྤྱོད་མའི་སིནྡྷུ་རའི་དཀྱིལ་འཁོར་དུ་ཚར་ཆེན་སོགས་ཀྱི་ཡིག་སྟེང་ནས་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་སྔོན་དུ་འགྲོ་བའི་སྒོ་ནས་འཇམ་དབྱངས་མཁྱེན་བརྩེས་མཛད་པའི་ཁྲིད་ཡིག་དང་། རྒྱལ་དབང་ལྔ་པ་རིན་པོ་ཆེས་མཛད་པའི་འཆད་ཐབས་མཐོང་གྲོལ་ལྡེ་མིག་སོགས་ཀྱི་སྟེང་ནས་སྔོན་འགྲོ་ཐུན་མོང་དང། ཐུན་མོང་མ་ཡིན་པ། བསྐྱེད་རིམ་རྣལ་འབྱོར་བཅུ་གཅིག་རྫོགས་རིམ་རྩ་དབུ་མ། བདེ་བ་དང་འཇའ་ལུས་སྒྲུབ་པ། ཡབ་དང་ཡུམ་ལ་བརྟེན་པའི་འཕོ་བ། མཁའ་སྤྱོད་སྒྲུབ་པ་སོགས་ཆ་ལག་ཡོངས་རྫོགས་ཀྱི་ཁྲིད། ཨ་མེས་ཞབས་ཀྱི་ཡིག་ཆའི་སྟེང་ནས་ཆོས་ཉིད་དངོས་བསྟན་གྱི་བྱིན་རླབས། མཁྱེན་བརྩེའི་ཡིག་ཆའི་སྟེང་ནས་རྩ་དབུ་མ་ཆེ་བའི་ཁྲིད་དང་བཅས་པ་རྣམས་དང་། དེ་རྣམས་ཀྱི་རྒྱབ་རྟེན་དུ། མཁྱེན་བརྩེས་མཛད་པའི་མཁའ་སྤྱོད་མའི་ཁྲིད། མཁའ་སྤྱོད་མའི་རྣམ་བཤད་ཉི་ཟླ་བཟང་པོས་མཛད་པ། ཚར་ཆེན་གྱིས་མཛད་པའི་ལུས་དཀྱིལ་དང་། རྗེ་བཙུན་ཡབ་ཡུམ་གྱི་འཕོ་བ་བཅས་དང་། སངས་རྒྱས་དཔལ་བཟང་གིས་མཛད་པའི་བྱིན་རླབས་བྱ་ཚུལ། རིང་མོ་བས་མཛད་པའི་བསམ་མི་ཁྱབ། ལྔ་པས་མཛད་པའི་མཐོང་གྲོལ་ལྡེ་མིག རྗེ་རང་གིས་མཛད་པའི་འཆད་ཐབས། དབང་རབ་པའི་བླ་མའི་རྣལ་འབྱོར་དང་། སྦྱིན་སྲེག་མཁའ་སྤྱོད་སྒྲུབ་པ། རྨོར་ཆེན་གྱིས་མཛད་པའི་བསྙེན་ཐབས་དངོས་གྲུབ་མྱུར་འགུགས་རྣམས་ཀྱི་ལུང་དང་།