R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༢༡
[A:༤༢༡]རྨོར་ཆེན་གྱི་ཡིག་ཆའི་སྟེང་ནས་ས་སྐྱ་པའི་གསེར་ཆོས་ཀྱི་ནང་ཚན་ཚེ་དཔག་སྤྲུལ་སྐུའི་རྗེས་གནང་ལུང་བཅས། རྨོར་ཆེན་གྱི་ཡིག་ཆའི་སྟེང་ནས་གསེར་ཆོས་འཇམ་དཔལ་ནག་པོའི་རྗེས་གནང་སྔོན་དུ་འགྲོ་བའི་ལུང་ལ། འཇམ་དཔལ་ནག་པོའི་རྗེས་གནང་བྱ་ཚུལ་གྱི་ཡིག་རྙིང་། དེའི་ཉམས་ལེན་ཟབ་མོ་གནད་བཅུ་གཅིག་དང་ལྡན་པ་ཚར་ཆེན་གྱིས་མཛད་པར་གྲགས་པ། དེའི་སྒྲུབ་ཐབས་གུ་གེ་པཎྜི་ཏས་མཛད་པ། ཡང་སྒྲུབ་ཐབས་མཛད་བྱང་མི་གསལ་བ་བཅས་ཀྱི་ལུང་། ཀླུ་པའི་གསེར་ཆོས་སེང་གེ་སྒྲའི་ངག་སྲུང་གྲོལ་གྱི་སྐོར་ལ། སེང་གེ་སྒྲའི་མན་ངག་ཀླུ་པའི་གསེར་ཆོས་ཀྱི་ཡི་གེར་ཡར་ཀླུངས་པས་ཞུ་དག་བྱས་པ། སེང་གེ་སྒྲའི་སྒྲུབ་ཐབས་ཀྱི་ངག་འདོན་ཚར་ཆེན་གྱིས་མཛད་པ། ཡང་སྒྲུབ་ཐབས་ཉུང་ངུ་རྨོར་ཆེན་གྱིས་མཛད་པ་རྣམས་ཀྱི་ལུང་དང་། ཚར་ཆེན་གྱི་ཡིག་ཆའི་སྟེང་ནས་སེངྒེ་སྒྲའི་རྗེས་གནང་། དཀོན་ལྷུན་གྱི་ཡིག་ཆའི་སྟེང་ནས་སེང་གེ་སྒྲའི་རྗེས་གནང་བཅས་དང་། གསེར་ཆོས་མཁའ་འགྲོ་མ་སེང་གེའི་གདོང་ཅན་གྱི་སྐོར་ལ། བྱད་མ་འབུམ་རྡུགས་ཀྱི་འཁོར་ལོར་གྲགས་པའི་མན་ངག་ལ་ནང་གསེས་སུ་གདམས་པ་བྱུང་ཚུལ། རྩ་བའི་སྒྲུབ་ཐབས། ལས་ཚོགས་ཉེར་ལྔ་བཅས་ཡོད་པ། མཁའ་འགྲོ་སྟོང་གི་སྲོག་སྙིང་ནང་ནས་ཕྱིར་བཟློག་པའི་ཐབས། སེང་གདོང་མའི་མན་ངག་ཡི་གེ་བཅུ་བཞིའི་ལས་ཚོགས་ཚིགས་བཅད་མ། ཚར་ཆེན་གྱིས་མཛད་པའི་སྒྲུབ་ཐབས། མཁྱེན་བརྩེས་མཛད་པའི་སྒྲུབ་ཐབས་རྣམས་ཀྱི་ལུང་། རྨོར་ཆེན་གྱི་ཡིག་ཆའི་སྟེང་ནས་གསེར་ཆོས་རྡོ་རྗེ་ཁྱུང་ཁྲའི་རྗེས་གནང་ལུང་