R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༢༣
[A:༦༢༣]ཕུན་ཚོགས་ཕོ་བྲང་གི་གདུང་རབས་བཤད་པ། དེ་རྣམས་ཀྱིས་གྲུབ་མཆོག་རྡོ་རྗེ་རིན་ཆེན་གྱི་རྣམ་ཐར་མདོར་བསྡུས་ཅུང་ཟད་བརྗོད་ཟིན་པ་ཡན་ཆད་ཡབ་རྗེ་སྐུ་མཆེད་ཟུང་ཐུགས་འདོད་གཅིག་གྱུར་ལ་བརྟེན་གྲུབ་དབང་བཛྲ་རཏྣའི་ཡབ་དངོས་ཨ་ནན་རཏྣ་ཡིན་འདུག་ཀྱང་སོ་སོར་དབྱེ་བ་མ་གནང་ཞིང་འདི་མན་ནས་སྒྲོལ་མ་ཕོ་བྲང་དང་ཕུན་ཚོགས་ཕོ་བྲང་ཞེས་གཉིས་སུ་གྱེས་འདུག་པ་འདི་བཞིན་བྱུང་འདུག་པ་ནི། བཟང་པོ་དཔལ་ལ་ཡུམ་མི་གཅིག་པའི་གདུང་སྲས་མང་དུ་བྱུང་བ་རྣམས་ཀྱི་བགྲེས་ཤོས་གཞི་ཐོག་མཁས་བཙུན་པ་ཆེན་པོས། གཅུང་པོ་རྣམས་ལ་བླ་བྲང་སྒོ་བཞིར་གནང་བ་ལྟ་བུས་རིམ་བཞིན་བརྗོད་རྒྱུར་གོང་མདོར་བསྟན་སྐབས་སྨྲོས་པ་བཞིན། ཐོག་མར་ཕུན་ཚོགས་ཕོ་བྲང་གི་གདུང་རབས་སམ་གྲུབ་དབང་ཨ་ནན་རཏྣའི་རིགས་སྲས་རྣམས་ཕུན་གླིང་དུ་བཞུགས་པ་འདིར་འབྲེལ་ཆགས་སུ་བརྗོད་ན། ༡ རྗེ་བཙུན་མ་རྟ་མགྲིན་དབང་མོ། དེ་ཡང་ཡབ་རྗེ་སྔགས་འཆང་ཀུན་དགའ་རིན་ཆེན་གྱི་བཙུན་མོ་ཡོངས་གྲགས་ཀྱི་གཉིས་པ་བསམ་ལྟེ་མ་ཡུམ་མཆོག་ཉི་ཟླ་དབང་མོར་གྲགས་