R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༥༢
[A:༦༥༢]སྒྲོལ་མ་ཕོ་བྲང་གི་གདུང་རབས་བཤད་པ། གཉིས་པ་སྒྲོལ་མ་ཕོ་བྲང་ཕུན་ཚོགས་དཔལ་འབར་གྱི་གདུང་རབས་བཤད་པ་ནི། གོང་དུ་ཚིགས་བཅད་མདོར་བསྟན་གྱི་སྐབས་སུ་སྨོས་པ་བཞིན། ཡབ་རྗེ་པདྨ་བདུད་འདུལ་དབང་ཕྱུག་གི་གསང་ཡུམ་ཡོངས་གྲགས་ཀྱི་གཉིས་པར་བར་ཕུག་མཐོང་སྨོན་ནང་པ་རྒྱལ་ཡུམ་ཞིང་སྐྱོང་དབང་མོར་གྲགས་པ་དེ་ཉིད་ལ་གདུང་སྲས་ཁ་ཤས་བྱུང་ཡང་བགྲེས་པ་གཉིས་ཆུང་ངུར་གཤེགས། ༡ བཀྲ་ཤིས་རིན་ཆེན། གསུམ་པ་ནི། ཡབ་རྗེ་པདྨ་བདུད་འདུལ་དབང་ཕྱུག་མཆོག་དགུང་གྲངས་སོ་གསུམ་དུ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་ནང་ཚན་ཉིད་སྒྲོལ་བྱེད་ཅེས་པ་ཤིང་ཕོ་སྤྲེལ་ལོར། ངག་དབང་ཀུན་དགའ་ཐེག་ཆེན་དབང་སྡུད་བཀྲ་ཤིས་རིན་ཆེན་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཉིད་བལྟམས་པ་ཡིན་ཏེ། དེ་ཡང་སྔགས་འཆང་བླ་མ་དེ་ཉིད་འཇམ་མགོན་དབང་སྡུད་སྙིང་པོའི་རྣམ་འཕྲུལ་ཡིན་པ་ནི། རྗེ་བཙུན་ཀུན་བསོད་བསྟན་པའི་ཉི་མས། གདན་སའི་གཙུག་ལག་ཁང་རྟེན་མཆོད་རྣམས་ལ་མཆོད་འབུལ་གནས་