R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༣
[A:༧༣]མཛད་པ་དང༌། ཀུན་མཁྱེན་མཁས་པའི་དབང་པོས་མཛད་སྐོར་ལ། བསྐྱེད་རིམ་མན་ངག་རྣམ་བཤད། ལུས་ཀྱི་རྣམ་བཤད། ལམ་དབང་ཀུན་བསོད། བིར་སྲུང་ཐུན་མོང་མ་ཡིན་པའི་བྱིན་རླབས། དབང་ཆུ་བདེ་ཆེན་རྒྱ་མཚོ། སྣང་གསུམ་གསལ་བྱེད། གཞུང་ཇི་ལྟ་བ་བཞིན་བཀྲི་བའི་གཏོར་མའི་རྣམ་བཤད། དབང་ཆུ་ཆེན་མོའི་ས་ཆོག་གི་གསལ་བྱེད། སམ་བུ་ཊའི་བསྡུས་དོན། གཞུང་བཤད་ཨ་སེང་མའི་འགྲེལ་པ། གསུང་ངག་ཆོས་འབྱུང་གི་ཁ་སྐོང་བསྟན་པ་རྒྱས་པའི་ཉིན་བྱེད་གནད་ཀྱི་ཟླ་ཟེར་ལ་རྩོད་སྤོང༌། རབ་གནས་དགེ་ལེགས་རྒྱ་མཚོ་རྒྱུད་ཀྱི་ཚིག་དོན་གྱི་དོགས་གཅོད། ལམ་འབྲས་བླ་མ་བརྒྱུད་པ་ལ་ཡན་ལག་བདུན་པ་འབུལ་ཞིང་གསོལ་འདེབས། ལམ་རིམ་ཕུན་ཚོགས་དགེ་ལེགས་མ། བདེ་ཅན་སྨོན་ལམ་མི་མཇེད་མ། རྣམ་འཇོམས་བིར་ལུགས་ཀྱི་བྱིན་རླབས། རྟེན་སྙིང་ས་སྤོ་བའི་ཨར་ཆོག གསོན་པའི་སྐྲ་སེན་སྲེག་ཆོག ཚ་ཆོག་རྣམས་སོ། །མུས་ཆེན་སངས་རྒྱས་རིན་ཆེན་གྱི་གསུང་ངག་རིན་པོ་ཆེ་ཁྲིད་ཡིག་དངོས་གྲུབ་ཀུན་འབྱུང་གཏེར། དེས་མཛད་པའི་ཀུན་མཁྱེན་རྣམ་ཐར། བདུད་རྩི་རིལ་བུ་སྒྲུབ་པའི་ཕྱག་ལེན་གྱི་ཡི་གེ་རྣམས་དཔལ་ས་སྐྱ་པ་ཀུན་དགའ་བཀྲ་ཤིས་ཀྱིས་མཛད་པའི་བདུད་རྩི་རིལ་བུའི་སྨན་ཐོ། མཁས་གྲུབ་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པའི་གསུང་ངག་འཆད་ཐོ་གནད་ཀྱི་ལྡེ་མིག་དང། ཨེ་ཝཾ་གདན་རབས་ནོར་བུའི་ཕྲེང་བ། ཐམས་ཅད་མཁྱེན་པ་ཀླུ་སྒྲུབ་རྒྱ་མཚོས་མཛད་པའི་སྐོར་ལ༌། གསུང་ངག་སློབ་བཤད་བརྒྱུད་ལམ་རིམ་བྱིན་རླབས་ཀྱི་ཕོ་ཉ། སྤྱི་དོན་ཁོག་