[A:༧༢]ས་ཆོག་མདོར་བསྡུས། རྒྱུད་གསུམ་གནོད་འཇོམས། གཏོར་ཆོག་ཕྲིན་ལས་རྒྱས་བྱེད། ཕྱི་ནང་བསྐྱེད་རིམ་དང་ལམ་དུས་ཉམས་སུ་ལེན་ཚུལ་ཚིགས་བཅད་མ། མངོན་རྟོགས་ཚུལ་བཅུ་བཞིའི་སྡོམ། བསྟོད་པ་ཉི་ཤུ་པའི་འགྲེལ་པ། དཀར་ཆག་ཏུ་མི་གསལ་བ། དེས་མཛད་པའི་བིར་སྲུང་གསར་མ་སྲུང་ཟློག་གི་གདམས་པ་ཁྱད་པར་ཅན་རྣམས་སོ། །མུས་ཆེན་སེམས་དཔའ་ཆེན་པོས་མཛད་སྐོར་ལ། ལམ་ཟབ་ཉམས་ལེན། བསྐྱེད་རིམ་གྲུབ་མཐའི་ཤན་འབྱེད། ལམ་འབྲས་བུ་དང་བཅས་པའི་གནད་ཀྱི་གསུང་སྒྲོས་ཟིན་བྲིས། གསུང་ངག་རིན་པོ་ཆེའི་དམིགས་རིམ་གྱི་ཡི་གེ་ལམ་ཟབ་བླ་མའི་རྣལ་འབྱོར་གྱི་བྱིན་རླབས་དང༌། ཉམས་སུ་ལེན་ཚུལ་དང་བཅས་པ་རྣམས་སོ། །བདག་ཆེན་རྡོ་རྗེ་འཆང་གིས་མཛད་སྐོར་ལ། ལམ་དབང་བསྐུར་ཚུལ། ལམ་ཟབ་ཐུན་མོང་བའི་ཉམས་ལེན། བདུད་རྩི་རིལ་བུ་སྒྲུབ་ཚུལ། རྡོ་དྲིལ་རྣམ་བཤད། དམ་ཚིག་རྣམ་བཤད་འཁྲུལ་སྤོང་རབ་གསལ། འཁོར་འདས་དབྱེར་མེད་ཀྱི་ལྟ་བའི་ཁྲིད་ཡིག། ལམ་སྦས་བཤད་ཀྱི་ཟིན་བྲིས་རྣམས་དང་ཚར་ཆེན་གྱི་གསུང་བཞིན་རྗེ་མཁྱེན་བརྩེའི་ཟིན་བྲིས་སུ་མཛད་པའི་ལམ་འབྲས་སློབ་བཤད་ཀྱི་ཁྲིད་ཡིག་གསང་ཆེན་བསྟན་པ་རྒྱས་བྱེད། ཁའུ་བྲག་རྫོང་པའི་བཞེད་པ་མ་ནོར་བའི་སྐོར་ལ། ཁོབ་ཐུབ་རྣམ་བཤད་ལས་གསུང་ངག་བྱུང་ཚུལ་ཟིན་བྲིས། འབྱུང་བའི་ཆོས་ལ་བཤད་སྒྲུབ་བྱ་ཚུལ་ཟིན་བྲིས་ནི། སྣང་རྒྱུད་ཕྱི་ནང་བསྐྱེད་རིམ་རྣམས་ཀྱི་ཁྲིད་ཡིག བུམ་དབང་གི་རྨི་ལམ་མན་གྱི་ཁྲིད་ཡིག་གོང་ས་ལྔ་པ་རིན་པོ་ཆེ་ནས་