R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༥
[A:༧༥]ལམ་གྱི་སྨོན་ལམ་བདུད་རྩི་ཐིགས་པ། མན་ངག་གི་བརྡ་འགྲོལ་ཟབ་དོན་སྣང་བ། གཞུང་ཇི་ལྟ་བ་བཞིན་དཀྲི་བའི་ཁྲིད་ཡིག་ཚིགས་བཅད་མ། ཞི་བའི་སྦྱིན་སྲེག་གི་ལག་ལེན་གསལ་བའི་མེ་ལོང༌། དེ་ལ་ལྟོས་པའི་ལས་བཞི་སྦྱིན་སྲེག་གི་ཐོ། རྡོ་རྗེ་ཚིག་རྐང་གི་བསྡུས་དོན། བརྒྱུད་པའི་ཁྱད་པར་གསོལ་འདེབས་ཀུན་ཁྱབ་རྣམས་སོ། །མཁྱེན་རབ་ནས་བརྒྱུད་པ་སློབ་དཔོན་བདག་ཆེན་རྡོ་རྗེ་འཆང་ནས་རྗེ་བླ་མའི་བར་ཁ་སྐོང་དང་བཅས་པ། གསུང་ངག་ཆོས་འབྱུང་འཕྲོ་ཅན། འདྲེན་མཆོག་ཆོས་ཀྱི་རྒྱལ་པོ་རཏྣ་ཝརདྷའི་རྣམ་ཐར། ས་ལོ་འཇམ་དབྱངས་ཀུན་དགའ་བསོད་ནམས་ཀྱི་རྣམ་ཐར། དཔལ་ཀྱཻ་རྡོ་རྗེའི་བཟླས་པ་དམིགས་ལམ་སོགས་ཉི་ཤུའི་སྡོམ། ཞལ་ངོ་ཚིག་བརྒྱུད་ཀྱི་གསུང་རྒྱུན་ཞལ་གྱི་དྲོད་ལྡན་རྡོ་རྗེ་འཆང་དབང་རབ་ཀྱིས་མཛད་པ། གསུང་ངག་རིན་པོ་ཆེའི་སྐབས་ཀྱི་སློབ་མ་རྗེས་སུ་འཛིན་ཚུལ་ཁའུ་བྲག་རྫོང་བའི་ཕྱག་ལེན་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་རྒྱུན་ཇི་ལྟ་བ། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་སྐབས་སུ་ཉེ་བར་མཁོ་བའི་ཟིན་བྲིས་རྣམས་སོ། །པཎ་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ཡི་གེའི་སྐོར་ལ། སློབ་མ་རྗེས་འཛིན་གྱི་ཕྱག་ལེན་ཉམས་སུ་བླང་བདེ་བ། ཨཥྚཱའི་བཟླས་ལུང་བྱེད་ཚུལ་ལུགས་གཉིས། བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་སེམས་བསྐྱེད་ཀྱི་ཆོ་ག་དམ་པའི་བཞེད་སྲོལ་སེམས་ཉིད་ངལ་གསོའི་བདུད་རྩི། ཚར་གསུམ་ཁུག་པའི་བྱིན་རླབས་བྱ་ཚུལ་གསང་ཆེན་ཆོས་ཀྱི་རྔ་ཆེན། ལམ་དབང་གི་མཐའ་དཔྱོད་ཟུར་འདེབས་ཀྱི་གནད། རྡོ་རྗེ་བདག་མེད་མའི་བྱིན་རླབས་