[A:༧༦]བྱ་ཚུལ་ལེགས་བྱས་གཏམ་གྱི་བདུད་རྩི། ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་བྱིན་རླབས་བྱ་ཚུལ་མཁས་ལ་ཉེ་བར་མཁོ་བ། བླ་མ་རིན་འབྱུང་གི་ཉམས་ལེན་བྱིན་རླབས་དང་བཅས་པའི་འདོད་དགུའི་དཔལ་འབྱོར་མ་ལུས་པ་འབྱུང་བའི་གནས་ལེགས་བྱས་ཀྱི་རྔ་བོ་ཆེ། ལམ་ཟབ་ནང་གི་རྣལ་འབྱོར་གྱི་བྱིན་རླབས་མཁས་ལ་ཉེ་བར་མཁོ་བ། བིར་སྲུང་ཐུན་མོང་བ་རྡོ་རྗེ་འཆང་གིས་མཛད་པ་ལ་ཟུར་འདེབས་ཅུང་ཟད་དང་བཅས་པ། བིར་སྲུང་ཐུན་མོང་མ་ཡིན་པའི་བྱིན་རླབས་བྱ་ཚུལ་ཟུར་འདེབས་དང་བཅས་པ་བརྡ་དོན་གསལ་བའི་བྱིན་རླབས་བྱ་ཚུལ། གཉིས་ལས་གསུམ་བྱུང་གི་གོ་དོན་དང་བཅས་པ། ལམ་སྦས་བཤད་དང་བརྡ་ཚིག་བརྒྱུད་ཀྱི་བྱིན་རླབས་བྱ་ཚུལ་གཉིས་གོ་བདེ་བཀླག་ཆོག་ཏུ་བཀོད་པ། སྒྲུབ་པ་ལུང་སྦྱིན་དང༌། གསང་བཅུའི་རྒྱས་གདབ་ཀྱི་ཕྱག་ལེན་གོ་བདེ་བཀླབ་ཆོག་ཏུ་བཀོད་པ་མཐའ་དཔྱོད་དང་བཅས་པ། ཕྱི་ནང་བསྐྱེད་རིམ་རྣམ་བཤད་རྒྱས་བསྡུས་གཉིས། སྣང་གསུམ་སྙིང་པོའི་ལེགས་བཤད། རྒྱུུད་གསུམ་སྙིང་པོའི་ལེགས་བཤད། ཡང་དེས་མཛད་པའི་གསུང་ངག་རིན་པོ་ཆེའི་ལོ་རྒྱུས་དང༌། དམིགས་པའི་གནད་ཅུང་ཟད་བཤད་པ་ཁའུ་བྲག་རྫོང་པའི་བཞེད་པ་ནས་འཐོར་བ་དང་བཅས་པ་རྣམས་སོ། །ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་སྐོར་ལ། དུས་མཐའི་ཆོ་ག་གཞན་ཕན་མཐའ་ཡས། རྒྱས་དབང་དྲག་གསུམ་གྱི་སྦྱིན་སྲེག་བྱ་ཚུལ། བིར་སྲུང་ཐུན་མོང་བ། བརྡ་དོན་གསལ་བ། བརྡ་ཚིག་བརྒྱུད་སྒྲུབ་པ་ལུང་སྦྱིན་དང་བཅས་པའི་བྱ་ཚུལ་ཡི་གེ་རྣམས་སོ། །ཨ་མེས་