R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༦༢
[A:༨༦༢]སྨོན་ལམ་ཇི་ལྟར་བཏབ་པ་འགྲུབ་གྱུར་ཅིག །བླ་མའི་བཀྲ་ཤིས་ཕྱོགས་ཀུན་བྱིན་རླབས་སྣང་བ་ཐིབས་སེ་ཐིབ། །ཡི་དམ་བཀྲ་ཤིས་ཕྱོགས་ཀུན་གྲུབ་གཉིས་ཟིལ་ཚར་ཐུལ་ལེ་བ། །ཆོས་སྲུང་བཀྲ་ཤིས་ཕྱོགས་ཀུན་བསྐལ་པའི་མེ་འོད་ལྷམ་མེ་བ། །མཆོག་གསུམ་བཀྲ་ཤིས་ཕྱོགས་ཀུན་ཕུན་ཚོགས་ཀུན་ཏུ་ཤིས་གྱུར་ཅིག ། ཅེས་པ་འདིའང་འཁོན་རིགས་ཐེག་པ་མཆོག་གི་རྣལ་འབྱོར་པ་ས་སྐྱའི་ཁྲི་ཐོག་སོ་བཞི་པ། ངག་དབང་དྲག་ཤུལ་འཕྲིན་ལས་རིན་ཆེན་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོར་འབོད་པ་གདུང་རིགས་ངག་དབང་ཀུན་དགའ་རིན་ཆེན་དང་། ངག་དབང་ཀུན་དགའ་བསྟན་པའི་རྒྱལ་མཚན་ནས་འདི་བཞིན་དགོས་ཚུལ་ཡུན་རིང་པོའི་དུས་ནས་བསྐུལ་མ་གནང་བ་དང་གཞུང་གནས་སྐུ་དྲག་འགའ་ནས་ཀྱང་འདི་ལ་ཞལ་སྐོང་ཞིག་ངེས་པར་དགོས་ཚུལ་གསུངས་པ་བཞིན། གདན་ས་འདི་ཉིད་འཁོན་སྟོན་དཀོན་མཆོག་རྒྱལ་པོ་རྒྱལ་བསྟན་ལྔ་བརྒྱ་པ་ཕྲག་བཅུར་གནས་པ། ལུང་དུས་ལྔ་བརྒྱ་པ་ཕྲག་བདུན་པ། མངོན་པའི་དུས་ནས་ལོ་ཉིས་བརྒྱ་དང་བདུན་ལོན་པ། བོད་