R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༦༡
[A:༨༦༡]ཐུགས་ཀྱི་དགོངས་པ་ཇི་བཞིན་ལྷུན་གྲུབ་སྟེ། །འགྲོ་བ་ཀུན་གྱི་དཔལ་དུ་འགྱུར་བར་ཤོག །ཡངས་པའི་རྒྱལ་ཁམས་ཀུན་ཏུ་ལོ་ཕྱུགས་འཕེལ། །ནད་མུག་འཁྲུག་རྩོད་མིང་ཡང་མི་གྲགས་ཤིང་། །ཆོས་ལྡན་རྒྱལ་པོའི་བཞེད་སྲོལ་རྨ་མེད་པས། །འགྲོ་ཀུན་བདེ་སྐྱིད་དཔལ་ལ་སྤྱོད་པར་ཤོག །བདག་ཀྱང་ཡུན་རིང་ཚེ་དང་ལྡན་གྱུར་ཏེ། །ཆོས་མཐུན་དཔལ་དང་འབྱོར་པས་ཡོངས་འཚོ་ཞིིང། །ལུང་རྟོགས་ཡོན་ཏན་ཡར་ངོའི་ཟླ་བ་བཞིན། །འཕེལ་ཞིང་རྒྱས་ཏེ་བསམ་དོན་ཀུན་འགྲུབ་ཤོག །ནམ་ཞིག་འདིར་གནས་སྣང་བ་ནུབ་པའི་ཚེ། །སྡུག་བསྔལ་འཚོ་བ་མཐའ་དག་ཡོངས་སྤངས་ནས། །བདེ་བ་ཅན་གྱི་དཀྱིལ་འཁོར་ཉམས་དགའ་དེར། །ཐོགས་མེད་སྐད་ཅིག་ཡུད་ཀྱིས་བགྲོད་པར་ཤོག །མདོར་ན་མཆོག་གསུམ་བླ་མའི་བྱིན་རླབས་དང་། །ཡི་དམ་ཆོས་སྲུང་ནོར་ལྷའི་མཐུ་རྩལ་དང་། །རྒྱུ་འབྲས་བསླུ་བ་མེད་པའི་བདེན་སྟོབས་ཀྱིས། །