R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༦
[A:༨༦]ནང་ཚན། དམ་ཚིག་འཁོར་ལོ་གསང་བའི་བྲག་རྫོང་མ་སེམས་ཉིད་ཡེ་ཤེས་ཀྱི་རྩ་དོན་པ་འཁོར་ལོ་གསེར་ཆུང་དུ་གྲགས་པ་ཆིག་བརྒྱུད་མ། གོང་གི་ས་བཅད་ཀྱི་མ་ཟིན་པའི་ནང་གི་བྲག་རྫོང་མ། དྲག་པོ་སྔགས་རྒོད་ཀྱི་མན་ངག་གི་ཁྲིད་སོགས་གདུང་རྒྱུད་རིམ་པར་ཆིག་བརྒྱུད་དུ་བྱོན་པ་རྣམས་ཡོངས་སུ་རྫོགས་པའི་ཉམས་ཁྲིད་རྡོ་རྗེ་ནག་པོ་ཆེན་པོའི་ནང་ཁྲིད་དམ་གསང་ཁྲིད་དུ་གྲགས་པ་འདི་ནི་ནང་རྩ་གསུམ་འཁོར་ལོ་ལྔ་དང༌། གསང་བ་སེམས་ཀྱི་གནད་ལ་བརྟེན་ནས་སྒྲུབ་པས་གསབ་སྒྲུབ་ཏུ་གྲགས་ཤིང༌། ཚེ་གཅིག་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་འཐོབ་པར་བྱེད་པ་རྗེ་བཙུན་པས་སམ། མཁས་གྲུབ་ངག་དབང་ཆོས་གྲགས་དང་ཐམས་ཅད་མཁྱེན་པ་མཁྱེན་བརྩེ་དབང་ཕྱུག་གི་ཁྲིད་ཡིག་ཡིད་བཞིན་ནོར་བུ་ལ་གཞིར་བྱས། ཡིག་ཆུང་ཞལ་ཤེས་སོགས་ཀྱིས་བརྒྱན་ཏེ་སྔོན་འགྲོ་སྐྱབས་སེམས་ཡི་གེ་བརྒྱ་པ། བླ་མའི་རྣལ་འབྱོར་དངོས་གཞིའི་རྟེན་བསྐྱེད་རིམ། བརྟེན་པ་རྫོགས་རིམ་རྡོ་རྗེ་ལུས་ལ་གནད་དུ་བསྣུན་པ། རླུང་སྔགས་རྡོར་བཟླས་ཀྱི་སྒོ་ནས་སྒྲུབ་པའམ་འབད་པ། ལས་སྦྱོར་ཐུན་མོང་མ་ཡིན་པས་སྤྱི་དགྲ་དང༌། རྣལ་འབྱོར་དགོས་དགྲ་སྒྲོལ་བ། འཁོར་ལོ་བཞི་ལ་བརྟེན་པའི་ལས་སྦྱོར་སོགས་གདུང་རྒྱུད་ཁོ་ན་ལ་ཆིག་བརྒྱུད་དུ་བཞུགས་པ་རྣམས་ལེགས་པར་གསན་ནས། སྙན་བརྒྱུད་གསུམ་པའམ་རྒྱབ་རྟེན་ལུང་གི་སྐོར། ཐོག་མར་མགོན་པོད་མེ་འབར་མར་གྲགས་པ་བདག་ཆེན་རྡོ་རྗེ་འཆང་གི་དཀར་ཆག་བཞིན་དང༌། དེར་མ་འདུས་པ་རྣམས་ཁ་སྐོང་གླེགས་བམ་དུ་གྲགས་པ་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་