R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༥
[A:༨༥]ལྷ་མོ་དུད་སོལ་མའི་ཕྱི་སྒྲུབ་ཐུན་མོང་མིན་པའི་རྗེས་གནང༌། རྔོན་སྟོན་བསོད་ནམས་བསྟན་འཛིན་གྱིས་མཛད་པའི་ཡི་གེ་ལྟར། དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་ཅན་གྱི་གསང་སྒྲུབ་ཐུན་མོང་མིན་པའི་རྗེས་གནང་ནན་ཆགས་མར་གྲགས་པ་བཀའ་རྒྱ་ཤིན་ཏུ་དམ་པ་ལུང་བཅས། ཚར་ཆེན་གྱི་ཟིན་ཐོ་དང་བརྒྱུད་པའི་གསུང་སྒྲོས་ལྟར་བེར་ནག་ཟངས་གྲི་ཅན་གྱི་རྗེས་གནང༌། ཡར་ལུང་པའི་ཡི་གེ་དང་གཅིག་ཤེས་ཀུན་གྲོལ་ལ་བརྟེན་ནས་པུ་ཏྲ་མིང་སྲིང་གི་རྗེས་གནང་ཆིག་བརྒྱུད་བཀའ་རྒྱ་བཅས་རྡོ་རིང་པས་མཛད་པའི་མངོན་རྟོགས་དང༌། འཇམ་དབྱངས་མཁྱེན་བརྩེའི་ཡི་གེ་དང་བརྒྱུད་པའི་གསུང་བགྲོས་རྒྱ་ན་བྲན་བདུད་གཤིན་རྗེ་ནག་པོའི་རྗེས་གནང་ཐུན་མོང་མ་ཡིན་པ། མངོན་རྟོགས་གང་བཞིན་ལ། ཚར་ཆེན་ཆོས་ཀྱི་རྒྱལ་པོའི་ཡི་གེ་ལྟར་བྲན་བདུད་ཐུན་མོང་མ་ཡིན་པའི་རྗེས་གནང༌། སྙན་རྒྱུད་གཉིས་པ་གདམས་པའི་སྐོར་ལ་རྗེ་བཙུན་རྡོ་རིང་པའི་ཁྲིད་ཡིག་དང༌། དེའི་ལྷན་ཐབས་ཀྱི་ཚུལ་དུ་མཁྱེན་བརྩེ་དབང་ཕྱུག་གིས་མཛད་པའི་ཡི་གེ་དང༌། ཞྭ་ལུ་པ་གསུམ་གྱིས་ཡི་གེ་མཛད་པ་ལ་བརྒྱུད་པའི་ཞལ་ཤེས་སོགས་ཀྱིས་བརྒྱན་ཞིང༌། ཆོས་འབྱུང་ཁོག་དབུབ་སོགས་ཀྱི་གསུང་བཤད་རྒྱས་པ་དང་བཅས་ཕྱི་ཁྲིད་སྲུང་འཁོར་རྡོ་རྗེའི་བྲག་རྫོང་མའི་ཉམས་ཁྲིད་ཟབ་མོ་སྔོན་འགྲོ་ཐུན་མོང་དང་ཐུན་མོང་མ་ཡིན་པ། དངོས་གཞི་ཟབ་པའི་གནད་ལྔ་དང༌། ཁྱད་པར་གྱི་མན་ངག་སྡེ་འདེགས་པའི་སྒོ་དྲུག་ནས་སྲུང་བ། སྤྱི་དངབྱེ་བྲག་ཁྱད་པར་གྱི་བཟློག་པ་བཅས། ཁྱད་པར་ཐུན་མོང་མ་ཡིན་པའི་མན་ངག་རྡོ་ཁ་