R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༨
[A:༨༨]གཞི་གཉིས། དང་པོ་ལ་ཐར་པཎ་ཡིག་སྟེང་ནས་སམ། གཉན་ལོའི་གནད་ཡིག་དང༌། དགའ་ལྡན་པ་ཀུན་བསོད་ཀྱི་ཡི་གེ་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་རྗེས་གནང་གི་ཡི་གེ་དངོས་གྲུབ་རྒྱ་མཚོ་དང་བརྒྱུད་པའི་ཕྱག་ལེན་ལ་བརྟེན་ནས་བསྙེན་དུས་ཀྱི་མགོན་པོའི་རྗེས་གནང༌། ཕོ་ཉ་མྱུར་མགྱོགས་དང་རྗེས་གནང་གི་ཡི་གེ་གོང་མ་རྣམས་ལ་བརྟེན་ནས་སྒྲུབ་དུས་ཐུན་མོང་བའི་རྗེས་གནང་ཡི་གེ་དེ་གཉིས་དང༌། ཚར་ཆེན་གྱིས་མཛད་པའི་བཀའ་རྒྱ་མ་ལ་བརྟེན་ནས་སྒྲུབ་དུས་ཐུན་མོང་མ་ཡིན་པའི་རྗེས་གནང༌། རྗེས་གནང་གི་ཡི་གེ་གོང་མ་དང་མཐོང་བརྒྱུད་ཀྱི་ཕྱག་ལེན་འབྲི་སྣོན་ལྟར་འབུམ་ཕྲག་གསུམ་པའི་གདངས་སྙན་གྱི་དངོས་གྲུབ་རྒྱ་མཚོ་དང༌། གསང་བ་ཐུན་མོང་རྗེས་གནང་གི་ཡི་གེ་ལ་བརྟེན་ནས་ཕྱག་ལེན་གསུང་རྒྱུན་ལྟར་གསང་ཁྲིད་ཀྱི་རྗེས་གནང༌། ལས་བཞིའི་རྗེས་གནང་ལ། ངག་ཆོས་ཀྱིས་མཛད་པའམ་མཁྱེན་བརྩེས་མཛད་པ་ལ་བརྟེན་ནས། དཀར་པོ་ཚེ་འཕེལ་ཐུན་མོང་མ་ཡིན་པའི་རྗེས་གནང༌། དཀར་ཆག་ན་བཞུགས་པའི་ལས་བཞིའི་མངོན་རྟོགས་རྗེས་གནང་གི་ཡིག་ཆུང༌། དངོས་གྲུབ་རྒྱ་མཚོའི་གསུང་རྒྱུན་ཕྱག་ལེན་ལྟར་དཀར་པོ་ཚེ་འཕེལ་ཐུན་མོང་བ། སེར་པོ་རྒྱས་བྱེད་ལྷ་དགུ། སེར་པོ་རྒྱས་བྱེད་ལྷ་ལྔ། དམར་པོ་དབང་སྡུད། དྲག་པོ་དགྲ་བགེགས་སྒྲོལ་བ་རྣམས་ཀྱི་རྗེས་གནང༌། དངོས་གྲུབ་རྒྱ་མཚོ་དང་མཐོང་རྒྱུད་ཕྱག་ལེན་བྲི་སྣོན་ལ་བརྟེན་ནས་ཤི་ས་བསྟན་པའི་རྗེས་གནང༌། ཡིག་ཆ་དངོས་གཞི་དང་ཚར་ཆེན་གྱི་ཟིན་ཐོ་ལ་བརྟེན་ནས་གནད་དབབ་ཀྱི་མགོན་པོའི་རྗེས་གནང༌། རྗེ་