[B:24a]ཐོགས་གཅིག་བྱོན་ནས་ཡར་ཕེབས་པའི་ལམ་མདོ་ཁམས་ཀྱི་ཏྲེ་མཎྜལ་དུ་དགུང་ལོ་ཉི་ཤུ་པ་མེ་མོ་ཕག་གི་སྨལ་ཟླའི་ཚེས་བཅོ་བརྒྱད་ལ་གསོལ་མ་འཕྲོད་པས་གཤེགས་སོ། །དེའི་ཇོ་མོ་སྟག་འབུམ་ལ་སྲས་རཏྣ་བྷ་དྲ་ཞེས་བྱ་འཁྲུངས་པ་ཡང་གཞོན་ནུ་ནས་གཤེགས་ཏེ། ཡོངས་སུ་གྲགས་པའི་གདུང་རྒྱུད་གྲགས་ཆེ་བ་མེད་པ་ལྟ་བུར་གྱུར་ཏེ། ཤར་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་པས་ས་སྐྱའི་ཞལ་བདག་གསེར་ཐོག་གཡུ་ཐོག་གི་བཅོར་རྣམ་དང་། ལྷ་ཁང་ཆེན་མོའི་གནམ་རྒྱུན། མཆོད་ཆ། ཐིང་ཁང་ལ་ཡོ་གའི་དཀྱིལ་འཁོར་གྲངས་མེད་བཞེངས་པ། བདག་ཉིད་ཆེན་པོའི་སློབ་གཉེར་དབུ་ མངོན?མདོན ། རྒྱལ་པོའི་བླ་མ་ལ་སོགས་པ་མཛད་དགོས་པ་བྱུང་པའི་རྣམ་ཐར་ཟུར་པ་རྣམས་ན་གསལ་ལོ། །སློབ་དཔོན་ཆེན་པོ་ཡེ་འབྱུང་བས་དགུང་ལོ་ཉེར་ལྔ་འགྲོ་བ་ཆུ་ཕོ་ཁྱི་ལོ་ལ་བདག་ཉིད་ཆེན་པོ་བཟང་པོ་དཔལ་བ་བོ་དོང་ཨེ་རུ་འཁྲུངས། གདན་སའི་གསེར་ཐོག་ཆེན་མོོ་བཞེངས་ལོ་དང་གཅིག འདིས་དགུང་ལོ་བཅུ་དྲུག་པའི་ཚེ་འཕགས་པ་རིན་པོ་ཆེ་ས་སྐྱར་འཕེབས། དབང་བཤད་མང་དུ་གནང་། ལན་གཅིག་འདི་ལ་ཡུན་རིང་དུ་གཟིགས་ནས། མགོ་རེས་སྤུས་མོ་ལ་ཕབ་
[A:51]པའང་སྲིད། ཡོན་ཏན་འབུངས་ལས་སློབས་ཕྱག་ནའི་རི་རྒྱུད་ཡིན་ཟེར་བ་གཉིས་ལས་མི་འདུག ཡེ་འབྱུང་གི་རི་རྒྱུད་ཡིན་ཟེར་བ་མང་དུ་འདུག་པ་རྨིས་གསུང་བའི་ལུང་བསྟན་བསྩལ། དེ་ལྟར་འདི་སྒྲེས་ཀྱང་ཕ་ཡུལ་མཉམ་པོ་ལ་ཡུམ་བཟང་ངན་དང་། གྲགས་ཆེ་ཆུང་གི་ཕྱག་ནའི་སྲས་དྷརྨ་པ་ལ་གདན་སར་སྐོས། འདི་རང་དགའ་བའི་ཚུལ་དུ་བཞུགས། དགུང་ལོ་ཉེར་གཅིག་པ་ལ་མི་ཆེན་ཨ་འབུས་གདན་དྲངས་ནས་གོང་དུ་བྱོན། གོང་མའི་ལུང་གིས་རེ་ཞིག་བརྟག་དགོས་པས་སྨན་རྩེར་རྒྱུག་གསུང་ནས་བཅུགས་པས། འདིས་ཉེར་