[B:34a]༄༅།། གདུང་རབས་སྦྲང་རྩིའི་ཕུང་པོ་འཕྱུར་བ་ཡིན།།
Wish Verses
འདིར་འབད་དགེ་དང་དགེ་གཞན་ཆུ་ཀླུང་ཀུན།།
ཕན་བདེ་གསེར་གྱི་བྱེ་མ་འདྲེན་བཞིན་དུ།།
ཀུན་མཁྱེན་རྒྱ་མཚོ་ཆེན་པོར་མྱུར་ཞུགས་ཏེ།།
ཐུབ་བསྟན་རླབས་འཕྲེང་འཕེལ་བའི་དཔལ་ཐོབ་ཤོག།
སྐྱེ་རྒུའི་གཙུག་
རྒྱན་
གདུང་བརྒྱུད་རིན་པོ་ཆེ།།
མཁྱེན་བརྩེ་ནུས་པའི་གཟི་འོད་ཆེད་ཆེར་འབར་ཞིང་།།
རྙེད་དང་བཀུར་སྟིའི་རྒྱལ་མཚན་རྩེར་མཆོད་ནས།།
དགེ་ལེགས་འདོད་དགའི་ཆར་ཆེན་འབབ་གྱུར་ཅིག།
ཤར་ཕྱོགས་རྒྱ་མཚོའི་མཐར་གཏུགས་འགྲོ་འདི་ལ།།
ཆོས་འབྱོར་ཆར་ཆེན་ཇི་ལྟར་ཕབ་པ་བཞིན།།
སླར་ཡང་ཕན་བདེ་འབྱོར་པས་ལེགས་སྐྱོང་བསྐྱོང་པའི།།
འཇམ་དབྱངས་བརྒྱུད་པ་ལྷག་པར་འཕེལ་གྱུར་ཅིག།།
ཚུལ་འདིར་དད་གུས་འདུན་པའི་དཔལ་ཡོན་ཅན།།
བློ་ཆེན་སྦྱིན་བདག་བརྒྱུད་པར་བཅས་པ་དང་།།
ཆབ་སྲིད་མཐའ་དག་ཡོངས་འདུའི་ལྗོན་པ་བཞིན་།།
ཕུན་ཚོགས་ལོ་འདབ་ཕྱོགས་བཅུར་རྒྱས་པར་ཤོག། ཿ
Author Colophon
ཅེས་དཔལ་ལྔན་ས་སྐྱ་པའི་གདུང་རབས་འདོད་དགུའི་རྒྱ་མཚོ་ཞེས་བྱ་བ།ཿ གཙང་སྟག་ཚང་གི་ལོ་ཙྪ་བ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོས་ཐམས་ཅད་འདུལ་ཞེས་བྱ་བ།ཿ མེ་མོ་ཕག་གི་ལོའི་ནག་ཉའི་ཚེས་གསུམ་ལ།ཿ རྫོང་དཀར་ནོར་བུ་གླིང་གི་ཕོ་བྲང་དུ་སྦྱར་བའོ། དགེ་ལེགས་འཕེལ་བར་གྱུར་ཅིག།ཞུས་དག།