[B:30b]ཆེན་འདིས། ཆོས་འཁོར་སྒང་གི་གཟིམས་ཁང་ཆེན་མོ་འུ་ལག་ཡང་མ་བསྐུལ། སྦྲ་ཆ་ཐེར་མཛད་ནས་དྲུང་སྐོར་གྱིས་བཞེངས། གདན་འདྲེན་པ། ཆོས་རྗེ་སེང་གེའི་མཚན་ཅན་གྱི་ཕྱག་ཕྱིར་དྲུང་སྐོར་དྲག་པ་ཉི་སྦྲེལ། ཕྱིབས་དྲེལ་ཐབ་འཛིན་དང་བཅས་པ་རྫངས། གདན་མ་འགྲོངས་བར་དུ་ལོག་མ་ཡོང་གསུང་བའི་བཀའ་ནན་དང་། ཞུ་ཡིག་ནན་ཏན་མཛད་ནས་གདན་དྲངས། སྟག་སྣ་དང་ར་དུམ་བྲག་ལ་སོགས་པའི་གཞི་ས་སྦྱར། གསུང་ཆོས་མང་དུ་གསན། ཐུགས་དམ་ལ་ཤིན་ཏུ་བརྩོན་པའི་ངང་ནས། དགུང་ལོ་ཞེ་དགུ་པ་ས་ཕོ་བྱི་བའི་ཧོར་ཟླ་བཞི་པའི་ཉེར་བཞི་ལ་ངོ་མཚར་བའི་བལྟས་དུ་མ་དང་བཅས་ཏེ་སྨོན་མཁར་རྩེ་གདོང་ལྷུན་པོ་རྩེར་གཤེགས་སོ། །བདག་ཆེན་འཇམ་དབྱངས་ཆོས་ཀྱི་
[A:64]རྒྱལ་མཚན་པ་ནི་ས་མོ་ཕག་ལ་འཁྲུངས། གཞོན་ནུ་ནས་ཡབ་མེས་ཀྱི་ཆོས། ཕར་ཚད་མངོན་པ། སྔགས་གསར་རྙིང་། ཁྱད་པར་དུས་འཁོར། མདོར་ན་དཔལ་ལྡན་བླ་མ་དམ་པའི་བུམ་པ་གང་བྱོ་མཁྱེན། དེ་སྟོབས་ཀྱིས་ཤིན་ཏུ་མཉེས་པ་དང་༑ སྤྱིར་རིན་ཆེན་སྒང་པ་དང་ལྷ་ཁང་བླ་བྲང་པ་མ་འཆམ་པའི་དུས་སུ། དུས་མཆོད་པ་འདི་པས་རིན་ཆེན་སྒང་པའི་ཕྱོགས་བཟུང་བའི་རྐྱེན་གྱིས་བླ་བྲང་རིན་ཆེན་སྒང་དང་སེང་གེ་སྒང་ལ་གཏོགས་པའི་ཁང་གཞིས་པ་ཆ་ཐམས་ཅད་གནང་། ད་ལྟའི་བར་དུ་ཞལ་བདག་མཛད། ཡང་དགོས་གདུང་བརྒྱུད་གཞན་ལ་མེད་པའི་འཕགས་པའི་དབུ་ཞྭ། ཤེལ་དམ་གླིང་དྲུག་པ་འཁོར་བཅས། ཏིཤྲི་ཀུན་བློའི་ཤེལ་དམ། ཕྱག་ནའི་ཤེལ་དམ་འཁོར་དང་བཅས་པ་འདི་པ་ལ་ཡོད་པ་ཡིན་ནོ། །བླ་མ་དེ་ནི༑ འཇིག་རྟེན་ལ་ཞལ་མི་འཇུག་