[A:122]འབྲེང་ཀོ་ཏེ་ལུང་པ། ཚེ་སྐོང་སྣེ་ཟུར་བ་བཞི་ལས་དགོན་གྱི་བུ་བཞིར་གྲགས་པ། ཁ་རག་སྒོམ་ཆུང་དང་ལྔ་ཏེ། དེ་རྣམས་སོ་སོའི་རྒྱུད། ཁྱད་པར་སྣེ་ཟུར་བའི་རྒྱུད། གཙང་ན་དྲང་པོ་ལུང་པ་དང་སྤྱི་བོ་ལྷས་ས་པ་ལ་སོགས་པ་དང་། དབུས་ན་རྒྱ་མ་རིན་ཆེན་སྒང་པའང་ཡིན་ཏེ། དེ་ལ་སོགས་པ་གདམས་ངག་གཙོར་བོར་སྟོན་པས་བཀའ་གདམས་གདམས་ངག་པར་གྲགས་སོ། །ཡང་ཇོ་བོའི་སློབ་མ་ནག་ཚོ་ལོ་ཙྪ་བ། དེའི་སློབ་མ་རོང་པ་ཕྱག་སོར་བ། སྐུ་ཚེ་རིལ་པོ་སྐུ་མཚམས་ལ་བཞུགས། ལན་གཅིག་འཁྲུག་བཟླུམས་ལ་བཏོན་པ།རྨ་ཚ་བྱང་རྡོར་གྱིས་འོན་ཤང་དྲོར་སྤྱན་དྲངས་ཏེ། གྲྭ་པ་ལྔ་བརྒྱ་དང་བཅས་པས་ཆོས་ཞུས་པའི་ནང་ནས་ཟུར་ཆོས་པ་བཞིས་ཟིན་བྲིས་སོ་སོར་བྱས་པས། བསྟན་རིམ་བཞི་བྱུང་བས། རོང་པའི་བུ་བཞིར་གྲགས་པ་ནི། ཟུལ་ཤུའི་བྱ་འདུལ་བ་འཛིན་པ་ཆེན་པོ། རང་རྟོག་ཅན་པ། གཙང་ན་ཞུ་ལན་པ་ཆེན་པོ། །ནམ་འབར་བ་ཆེན་པོ།འདིས་གནམ་འབར་དང་རམ་ལྷ་སྡིངས་བཏབ། དེ་དག་ནི་རོང་པའི་བཀའ་བརྒྱུད་ལགས། རོང་པ་ཕྱག་སོར་བའི་དགོན་པ་བཅོམ་ཆུང་བའི་ཕུ། རྭ་སྒྲེང་གི་འོག་ན་ཡོད་པས། བཀའ་གདམས་འོག་མར་གྲགས་ཏེ། རྭ་སྒྲེང་བཀའ་བརྒྱུད་དང་གཉིས་ཀ་ལ་བཀའ་གདམས་གོང་འོག་དུ་གྲགས་སོ། །རྒྱལ་སྲིད་འདོད་ཡོན་ཡོངས་དོར་ནས།།གཞན་དག་བདེ་བས་ཐུགས་དགྱེས་པ།།