[A:121]བྱོན། དེའི་རྟེན་འབྲེལ་གྱིས་སྒོམ་པ་བྱང་སྐྱབས་ཀྱི་ཚེམས་དུང་གཡས་འཁྱིལ་དུ་སོང་བ་སྤྱན་ཡས་སུ་བྱེན་ཏེ། ད་ལྟའང་སྤྱན་ཡས་ཀྱི་རྟེན་གསུམ་ནང་ན་བཞུགས་ཤིང་། ད་ལྟ་ཡན་ཆད་དུ་བྱ་ཡུལ་དང་།ཆོས་བརྒྱུད་དང་། རྣམ་ཐར་གཅིག་པའི་རྒྱུ་མཚན་དེ་ཡིན། དགྱེར་སྒོམ་ཆེན་པོས་རྒྱ་མ་བཏབ་པའི་རྗེས་སུ། སངས་རྒྱས་དབོན་སྟོན་གྱིས་རྒྱ་མའི་ལྷ་ཁང་གསར་མ་བཏབ། དེའི་རྗེས་སུ་སློབ་དཔོན་སང་ཡོན།དེའི་རྗེས་སུ་དབོན་པོ་གཞོན་ནུ་སེང་གེ དེའི་རྗེས་སུ་སློབ་དཔོན་སྐམ་དགོན་པ་གཞོན་ནུ་འབུམ། དེ་རྗེས་སློབ་དཔོན་འོད་འབྱུང་།
སྤྲུལ་སྐུ་བྱ་ཡུལ་བའི་སྐྱེ་བར་གྲགས་ཏེ། དེའི་རྒྱུ་མཚན་བྱ་ཡུལ་གྱི་རི་རྩེའི་ལྕགས་རི་དེ་ལེགས་གསུང་ལགས་འདུག་ཞུས་པས་དེའི་ཐད་ཀའི་བྲག་དེ་མ་ཕེད་པར་རྡོ་འདྲེད་ཁ་བ་གཅིག་བཞག་ཡོད་པ་ཡིན་གསུང་ཟེར
དེ་རྗེས་སློབ་དཔོན་གཞོན་ནུ་འོད། དེ་རྗེས་སློབ་དཔོན་བཀྲ་ཤིས་རྒྱལ་མཚན། དེ་རྗེས་སློབ་དཔོན་གཞོན་ནུ་སེང་གེདེ་རྗེས་སློབ་དཔོན་ཀུན་བཟང་། དེ་རྗེས་གླང་ཐང་པ་སློབ་དཔོན་རྒྱལ་མཚན། དེ་རྗེས་བཟང་པོ་བ་ད་ལྟའོ། །འདི་དགྱེར་གྱི་གདུང་རྒྱུད་ཀྱིས་གདན་ས་མཛད་པ་སྲོལ་ཡིན་ནོ། །ཡང་ཇོ་བོའི་བླ་མའི་བླ་མཆོད་བཞི་ལས་རྣལ་འབྱོར་པ་ཆག་ཁྲི་མཆོག རྣམ་འབྱོར་པ་ཤེས་རབ་རྡོ་རྗེ། རྣལ་འབྱོར་པ་འཛེང་དབང་ཕྱུག་རྒྱལ་མཚན་རྣམས་ཀྱིས་སློབ་མ་མ་བསྐྱངས། རྣལ་འབྱོར་པ་ཆེན་པོ་ལུང་ཨ་མེས་བྱང་ཆུབ་དགོན་པ་བར་གྲགས་པའི་སློབ་མ་ཞང་ཀ་མ་བ། སྣན་སྣ་མོ་བ།