R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 164
[A:164]རྒྱ་ཡུལ་དུ་བྱོན། སེ་ཆེན་རྒྱལ་པོའི་དུས་སུ་ཏི་ཤྲི་མཛད། དགུང་ལོ་བཞི་བཅུ་ཞེ་བདུན་ལ་རི་བོ་རྩེ་ལྔར་གཤེགས། སྲས་གཉིས་པ་བླ་མ་དམ་པ་ཀུན་དགའ་སེང་གེ
ས་ཕོ་སྤྲེའུ་ལོ་པ
བླ་མའི་གསུང་བཞིན་གོང་དུ་བྱོན། གོང་མ་དང་ཨ་ནན་ཏརི་བླ་མཆོད་མཛད། དབུས་གཙང་དུ་བྱོན་ནས་ཤར་གྱི་གདན་ས་ལོ་ཉི་ཤུ་རྩ་དགུ་མཛད་། དགུང་ལོ་དྲུག་ཅུ་རྩ་བརྒྱད་ལ་གཤེགས་སོ། །སྲས་གསུམ་པ་བླ་མ་འཇམ་དབྱངས་ཆེན་པོ་རིན་ཆེན་རྒྱལ་མཚན་པ་སེ་ཆེན་རྒྱལ་པོའི་ལུང་བཞིན
ས་ཕོ་རྟ་ལོ་པ་དང་མེ་མོ་ཕག་ལ་བཞི་ཐོག་ཏུ་བསྐོས། ཉི་མ་རེ་ལ་ཆོས་དུང་ལྔ་ལྔ་བུས་ཟེར
ས་སྐྱ་བཞི་ཐོག་གི་བླ་མཆོད་ལོ་བཅོ་བརྒྱད་མཛད། བླ་མ་འཕགས་པ་ཁུ་དབོན་གྱི་ཕྱི་རྟེན་ལ་གསེར་ཐོག་བཀལ། ཕྱིས་གོང་དུ་ཨོལ་ཇ་དུ་རྒྱལ་པོས་གདན་དྲང་ས་ནས་ཏི་ཤྲི་མཛད། དགུང་ལོ་བཞི་བཅུ་ཞེ་དགུ་ལ་གོང་དུ་གཤེགས་སོ། །ལུང་དང་རྟོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་མངའ་བས། དཔལ་ལྡན་ས་སྐྱའི་བསྟན་པ་དང་།མངའ་ཐང་ཡང་བླ་མ་འདིའི་དུས་སུ་རྒྱས་པ་ལགས་སོ། །བླ་མ་ཤར་པ་དང་མ་གཅིག་མཁའ་འགྲོ་འབུམ་གྱི་སྲས་ཆེ་བ་བླ་མ་སེང་གེ་དཔལ་བ་དགུང་ལོ་སུམ་ཅུ་ལ་རྒྱ་ཡུལ་དུ་གཤེགས་སོ། །སྲས་གཉིས་པ་བླ་མ་དམ་པ་ཀུན་དགའ་བསོད་ནམས་པས་ཤར་གྱི་གདན་ས་ལོ་སུམ་ཅུ་སོ་བཞི་མཛད། གཅུང་པོ་སློབ་དཔོན་ཆེན་པོ་ཀུན་དགའ་རིན་ཆེན་པ་དང་མ་གཅིག་ནམ་མཁའ་རྒྱལ་མོའི་སྲས་ཆེ་བ་སློབ་དཔོན་ཆེན་པོ་རིན་ཆེན་རྒྱལ་མཚན་པ་ད་ལྟ་ཤར་པའི་གདན་ས་མཛད་པའོ། །གཉིས་པ་སློབ་