R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 165
[A:165]དཔོན་ཀུན་དགའ་རྒྱལ་མཚན་པ། གསུམ་པ་སློབ་དཔོན་ཉི་མ་གཞོན་ནུ་ལ་འདས་པའོ། ནུབ་པའི་ཐོག་མ་འུ་ཡུག་པ་བསོད་ནམས་སེང་གེས་ཆོས་རྗེ་པ་ལ་ཐུག དེ་ལ་ཟངས་ཚའི་བླ་བྲང་ཉིས་ཐོག་ཕོག དེའི་གཅུང་པོ་གཅིག་གི་སྲས་བླ་མ་ཀུན་སྨོན་ཡང་ཆོས་རྗེ་པ་ལ་ཇུག དེའི་གཅུང་ཀུན་དགའ་མཛེས་སྐུ་མཆེད་གཉིས་ཀ་ཕྱིས་དཔོན་ཆེན་ཀུན་དགའ་བཟང་པོའི་ཕྱོགས་སུ་ཆས་ནས། བླ་མ་འཕགས་པ་དང་ཐུགས་མ་མཐུན་པས། སེ་ཆེན་གྱི་ལུང་གིས་སྤྱུགས་ནས། གཅེན་པོ་སྨན་རྩེའི་ཡུལ་དུ་འདས། དེའི་དབོན་པོ་ཡོན་ཏན་དཔལ་ཟེར་བ་གཅིག་གིས་གདན་ས་བྱས་སོ། །གུང་པ་ལ་ཆོས་རྗེ་པའི་སློབ་མ་སྐྱོ་སྟོན་དྲི་མེད། དེ་ནས་དབོན་རྒྱུད་མེད་པར་སློབ་མས་གདན་ས་བཟུང་། བླ་མ་ངྷརྨ་ཡེ་ཤེས། གུང་པ་དཔལ་རྒྱལ། གུ་ཤྲཱི་ཤེས་རྒྱལ། གུང་པ་བཀྲ་ཤིས་བཟང་པོ་ད་ལྟའོ། །བླ་མ་བཀྲ་ཤིས་བཟང་པོ་བཞུགས་མ་བདེ་བར་གུང་པ་བློ་བཟང་ཀྱིས་ཆོས་འཆད་ཐོག་གཅིག་བྱས་པ་གདན་ས་དངོས་མིན། ཁང་གསར་ཆེན་མོ་བའི་རྒྱུད་ལ། སུམ་པ་གྲགས་རྒྱལ་གྱི་སྲས་བླ་མ་གྲགས་པ་འོད་ཟེར། །བླ་མ་ཤར་པ་རྡོ་རྗེ་འོད་ཟེར་བ་དང་། བླ་མ་ཡེ་པའི་བཙུན་པ་ཡིན། ཕྱིས་བླ་མ་འཕགས་པའི་དཀོན་གཉེར་རྒན་པ་ཐོབ། སློབ་དཔོན་ངྷརྨ་པཱ་ལའི་ཕྱག་ཕྱི་ལ་གོང་དུ་བྱོན། བླ་མ་དུས་འཁོར་བའི་རྗེས་ལ་སེ་ཆེན་གྱི་དུས་སུ་ཏི་ཤྲི་མཛད་ནས་དགུང་ལོ་ལྔ་བཅུ་རྩ་བརྒྱད་ལ་གོང་དུ་འདས། དེའི་གཅུང་པོའི་སྲས་བླ་མ་སངས་རྒྱས་དཔལ་གྱི་དུས་ན་ཁང་གསར་བླངས། གོང་དུ་