R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 166
[A:166]ཨོལ་ཇ་དུ་དང་། གུ་ཡུག་གན་རྒྱལ་པོ། བུ་ཡན་དུ་རྒྱལ་པོ་གསུམ་གྱི་བར་དུ་ཏི་ཤྲི་མཛད་ནས། དགུང་ལོ་བཞི་བཅུ་ཞེ་བརྒྱད་ལ་གོང་དུ་འདས། དེའི་སྲས་བླ་མ་གྲགས་པ་རྒྱལ་མཚན་གུ་ཤྲི་མཛད། ཀུན་སྤངས་མཛད་པའི་ངང་ལ་རྟནག་གི་བྲག་སྐེ་རག་ཅན་དུ་དགུང་ལོ་ཉི་ཤུ་རྩ་དྲུག་ལ་གྲོངས།
འགའ་ཞིག་གིས་ཐར་པ་གླིང་དུ་གཤེགས་པར་འདོད
ཁང་གསར་བའི་ཕ་སྤུན་རིང་པོའི་རྒྱུད་སློབ་དཔོན་ཆེན་པོ་ཉི་མ་རྒྱལ་མཚན་གོང་དུ་གུ་ཤྲཱི་མཛད་ནས་འདས། སློབ་དཔོན་ཆེན་པོ་བདེ་ལེགས་རྒྱལ་མཚན་ལའང་གོང་མའི་ལུང་གིས་ཤེལ་དམ་བྱིན།ཁང་གསར་བླ་བྲང་དུ་བསྐོས། ཕྱིས་ཁ་ཆུའི་བར་དུ་སྐུ་གཤེགས་སོ། །དཔལ་ས་སྐྱའི་གདུང་རྒྱུད་དྲི་མ་མེད་པ་འདི་དངཧོར་རྒྱལ་པོ་ཡོན་མཆོད་དུ་འབྲེལ་ནས། གཙུག་ལག་གཉིས་ཀའི་སྒོ་ནས་བོད་ཁམས་བསྐྱང་བའི་ཕྱིར། ཞོར་ལས་བྱུང་བ་དཔོན་ཆེན་གྱི་རིམ་པ་ནི། ས་སྐྱ་དཔོན་ཆེན་ལ་སྔ་བ་ཤཱཀྱ་བཟང་པོ། ཆོས་རྗེ་བ་བྱང་ངོས་སུ་བྱོན་དུས། འུ་ཡུག་པ་དང་ཤར་པ་ཤེར་འབྱུང་མ་གཏོགས། དགེ་བའི་བཤེས་གཉེན་རྣམས་ཀྱང་ཕྱག་འཚལ་དུ་བཅུག་ནས་ས་སྐྱར་བསྐོས། བླ་མ་འཕགས་པའི་དུས་སུ། སེ་ཆེན་གྱི་ལུང་གིས་ཟམ་ལུ་གྷུན་དབེན་ཧུའི་དམ་ཁ་བྱིན་ནས་དཔོན་ཆེན་ལ་བསྐོས། ཁང་གསར་ཆེན་མོ་བཏབ། ལྷ་ཁང་ཆེན་མོ་དང་ལྕགས་རི་ཕྱི་ནང་བརྩིགས། འདིའི་དུས་སུ་དབུས་སུ་བུ་སློབ་ཀྱི་ཁ་འཛིན་ལ་དཔོན་ཀུན་དགའ་རྒྱལ་པོ་བསྐོས་ནས། སྤེ་ཚལ།་སྣང་ཚལ། དགའ་མོ་གྲོང་ལ་སོགས་