R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 184
[A:184] སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག ། དེ་ལྟར་བསམ་ལས་བྱུང་བའི་དགེ་བ་རྣམས། ། ཐོགས་མེད་དུས་ནས་ཕན་པ་མང་བྱས་པའི། ། སེམས་ཅན་རྣམས་ལ་ལྟོས་མེད་བྱིན་ཟིན་གྱི། ། བདེ་བའི་འབྲས་བུ་གཞན་ལ་སྨིན་གྱུར་ཅིག ། རྨོངས་པ་བདག་ནི་ཚེ་རབས་ཐམས་ཅད་དུ། ། ངན་སོང་གསུམ་དུ་དུ་ཁ་གྱུར་ཀྱང་སླའི། ། བདག་གི་དུས་གསུམ་བསགས་པའི་དགེ་བ་དེས། ། འགྲོ་བས་ཞི་བདེའི་གོ་འཕང་ཐོབ་གྱུར་ཅིག ། དཀར་ཆག་འདི་ནི་ནོར་བུ་རིན་ཆེན་ཏེ། ། བློ་ལྡན་རྣམས་ཀྱི་བཞེད་པ་ཀུན་འབྱུང་ཞིང་། ། དུམ་བུ་རེས་ཀྱང་དགོས་འདོད་འགྲུབ་པའི་ཕྱིར། ། ནོར་བུ་རིན་ཆེན་ཅི་ཡི་ཕྱིར་མ་ཡིན། ། ཡིད་བཞིན་ནོར་བུ་འདི་ནི་སུས་འཛིན་པ། ། དམ་པ་རྣམས་དང་གང་དུ་མཇལ་གྱུར་ཀྱང་། ། ཐུགས་ལ་དགའ་བ་ཡང་ཡང་སྐྱེད་ནུས་པས། ། མཁས་པའི་མདུན་སར་དེ་ཉིད་མཆོག་ཏུ་འགྱུར། ། ཆོས་ལྡན་སྐྱེས་བུ་གང་དུ་འདུག་ནའང་། ། ཚིག་གི་དཔལ་འདིས་ཡིད་ཀྱི་དགའ་བ་འཕེལ། ། ཉོན་མོངས་རང་དགར་སྤྱད་པས་བློ་བྲིད་པ། །