R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 21
[A:21]གཉིས་པ། གོང་མ་ཧན་མིན་ཏིའི་དུས་སུ་རྒྱ་ནག་ཏུ་སངས་རྒྱས་བསྟན་པ་ཇི་ལྟར་དར་ཚུལ་དང་རྒྱ་བོད་དབར་གྱི་མཛའ་བརྩེའི་འབྲེལ་བ་འགོ་ཚུགས་ཚུལ་སྐོར། སྟོན་པ་ཡང་དག་པར་རྗོགས་པའི་སངས་རྒྱས་རྒྱ་གར་དུ་བྱོན།ཆོས་ཀྱི་འཁོར་ལོ་བསྐོར་ནས་དུས་མི་རིང་བ་ཞིག་ན་རྒྱ་ནག་གི་ཡུལ་དུ་བསྟན་པ་ཇི་ལྟར་བྱུང་བ་དང་། རྒྱ་ནག་གི་ལུགས་ཀྱི་བསྟན་རྩིས་ཀྱི་ལོ་རྒྱུས་ལ། ཅེའུ་ཞེས་པའི་རྒྱལ་རབས་བཞི་པ། ཅེའུ་དབང་རྒྱལ་སར་བཏོན་ནས་ལོ་ཉི་ཤུ་རྩ་བཞི་ལོན་པའི་དུས་སུ་
ཤིང་ཕོ་སྟག་གི་རོ་ཟླ་བ་བཞི་པའི་ཚེས་བརྒྱད་ལ
རྒྱ་གར་དུ་བཅོམ་ལྡན་འདས་སྐུ་འཁྲུངས། དེའི་འོག་ཏུ་ཆོ་འཕྲུལ་རྣམས་རྒྱའི་ཡུལ་དུའང་མཐོང་བས། རྩིས་པ་རྣམས་ཀྱིས་རྩིས་བྱས་ཏེ་སངས་རྒྱས་བྱོན་པར་ཤེས། རྒྱལ་བུ་དོན་གྲུབ་ལོ་དགུ་ལོན་ནས་མངོན་པར་བྱུང་། དགུང་ལོ་སུམ་ཅུ་ལ་སངས་རྒྱས། དེ་ནས་ལོ་བརྒྱད་ཡུམ་ལ་ཆོས་འཆད་པའི་དོན་དུ་ལྷའི་ཡུལ་དུ་བྱོན།་དེའི་ཤུལ་དུ་རྒྱལ་པོ་ཨུ་ཏ་ཡ་ནས་མོའུ་འགལ་གྱི་བུ་ལ་སྐུལ་ཏེ།