[A:22]བཅོམ་ལྡན་འདས་ཀྱི་སྐུ་ཙན་དན་ལ་བཞེངས་ནས་མིའི་ཡུལ་དུ་གདན་དྲངས། རྒྱ་ནག་འགྱུར་གྱི་མདོ་དྲིན་ལན་བསབས་པ་ལས། སངས་རྒྱས་ཀྱི་ཞག་དགུ་བཅུར་ལྷའི་ཡུལ་དུ་ཡུམ་ལ་ཆོས་གསུངས། དེའི་བར་དུ་རྒྱལ་པོ་ཨུ་ཏ་ཡ་ན་ཡིད་སྐྱོ་བར་གྱུར་པས། ཙན་དན་གླང་མགོ་ལས་སངས་རྒྱས་ཀྱི་སྐུ་བཞེངས་ཞེས་བཤད་འདུག བཅོམ་ལྡན་འདས་ལྷ་ལས་བབས་པའི་ཚེ། ཙན་དན་གྱི་སྐུ་དེ་བཞེངས་ནས་བཅོམ་ལྡན་འདས་ལ་དབུ་བཏུད་དེ་སྤྱི་བོའི་བར་བཞག་ནས་ང་མྱ་ངན་ལས་འདས་ནས་ལོ་སྟོང་ལོན་པའི་ཚེ། སྐུ་འདིས་རྒྱ་ནག་གི་ཡུལ་དུ་སེམས་ཅན་གྱི་དོན་བྱེད་པར་འགྱུར་ཞེས་ལུང་བསྟན། དེ་ནས་ལོ་བཞི་བཅུ་ཞེ་གཉིས་ཏེ། དགུང་ལོ་བརྒྱད་ཅུ་ལ་མྱ་ངན་ལས་འདས།རྒྱལ་བ་མྱ་ངན་ལས་འདས་ནས་ཆུ་མོ་ཕག་གི་ལོ་སེ་ཆེན་རྒྱལ་སར་བཞུགས་ནས་ལོ་ངོ་ཕྱེད་དང་གསུམ་འགྲོ་བ་དེ་ལ་རྩིས་པས། དེ་ཡན་ཆོད་ལ་ལོ་ཉིས་སྟོངདང་བཅུ་གསུམ། ཙན་དན་ཇོ་བོ་བཞེངས་ནས་ལོ་ཉིས་སྟོང་ལྔ་བཅུ་ང་ལྔ་ལོན་ཟེར་བ་རྒྱའི་ཙན་དན་ཇོ་བོའི་ལོ་རྒྱུས་ལ་་ཡོད་པར་སྣང་། འདི་ལ་ལོ་རྒྱུས་ལོགས་ན་ཡོད་པས་འདིར་ཐོ་ཙམ་བྲིས་པ་ཡིན། ཆུ་མོ་ཕག་ཕྱིན་ཆད། ད་ལྟ་མེ་ཕོ་ kun: =འབྲུག་འདི་ཡན་བཅད་? ལ་ལོ་བརྒྱ་དང་བཅུ་བཞི་སོང་། ལོ་རྒྱུས འདི བོདཡིག་ཏུ་བསྒྱུར་མཁན་ཆོས་རྗེའི་སློབ་མ་བྱང་ངོས་ཀྱི་མཁན་པོ་ཤེར་ཡེ་ཤེས་ཡིན་ཟེར་བ་འདུག རྒྱ་ནག་གི་རྒྱལ་རབས་ལ་སྔ་བ། ཅེའུ་ལ་རྒྱལ་པོ་སུམ་ཅུ་སོ་དྲུག་བྱུང་། ལོ་བརྒྱར་སྲིད་བཟུང་། དེ་ནས་ཆེན་ཧྲི་