R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 68
[A:68]བཞི་པ། རྒྱལ་ཕྲན་སིལ་མིའི་སྐབས་མངའ་རིས་རྒྱལ་རྒྱུད་སོགས་ཇི་ལྟར་བྱུང་བའི་སྐོར།འདི་མར་བཅད་ནས་བོད་ནང་ཞིག་ནས་བོད་སྤྱི་ལ་དབང་སྒྱུར་་བའི་རྒྱལ་པོ་ནི་མ་བྱུང་བས་སྨད་གསིལ་ཆད་དུ་ཆད་པ་ལ་གླང་དར་མའི་བཙུན་མོ་ཆེན་མའི་སྲས་ནི་ཁྲི་ལྡེ་ཡུམ་བརྟན་ཡིན་ལ། ཡུམ་བརྟན་གྱི་སྲས་ཁྲི་ལྡེ་མགོན་མཉེན། དེའི་སྲས་ཁྲི་ལྡེ་རིག་པ་མགོན། ཉི་མ་མགོན། གཅུང་པོའི་སྲས་ཉི་འོད་དཔལ་གྱི་མགོན། དེའི་རྒྱུད་ཀླུང་ཤོད་དང་། ཕན་ཡུལ། མདོ་ཁམས་ན་མང་པོ་། གཅེན་པའི་སྲས་ལྡེ་པོ་དང་། རྡོ་རྗེ་འབར། ལྡེ་པོའི་རྒྱུད་བུག་པ་ཅན་པ་དང་། ཐང་ལྷ་བྲག་པ་ནམས་སོ། །རྡོ་རྗེ་འབར་གྱི་སྲས་ཁྲི་དབང་ཕྱུག་བཙན། དེའི་སྲས་ཆེ་བ་ཡེ་ཤེས་རྒྱལ་མཚན། དེའི་སྲས་ཁྲི་པ། ཡབ་སྲས་འདི་གཉིས་ཀྱིས་བསམ་ཡས་སུ་ཀླུ་མེས་ལ་སོགས་པའི་སྣེ་ལེན་མཛད་ཟེར་རོ། །རྒྱལ་པོ་གླང་དར་མའི་བཙུན་མོ་ཆུང་བ་གཡོར་མོ་ཚེ་སྤོང་བཟའ་ཡུམ་ཆེན་བཙན་མོ་འཕན་ལ། ལྟོ་བར་གྱི་སྲས་གཅིག་མངའ་བ། སྐུ་གཅེས་གྲགས་པས། བློན་པོ་རྣམས་ཀྱིས་ཉིན་པར་ཉི་མའི་འོད་ད་དང་། མཚན་མོ་མར་མེའི་འོད་