R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 69
[A:69]ཀྱིས་བསྲུངས་པས། འོད་བསྲུངས་ཞེས་བྱ་སྟེ། ཤིང་མོ་ལུག་གི་ཡོ་ལ་ཕོ་བྲང་ཡུམ་བུར་འཁྲུངས། སུམ་ཅུ་སོ་དགུུ་ལ་ཡར་ལུང་འཕང་ཐང་དུ་འདས། འོད་བསྲུངས་ཀྱི་བང་སོ་ཡང་། །འོད་བསྲུངས་གྲལ་ནི་འཕྲུལ་རྒྱལ་རྒྱབ་ན་ཡོད། །མིང་ནི་སྐྱེའུ་ལྷ་རྟེན་ལགས་སོ་སྐད། །དེ་ནས་བང་སོ་རྩིག་པ་ཡང་ནུབ་སྐད་དོ། །རྒྱལ་པོ་འོད་བསྲུངས་ཀྱི་སྲས་མངའ་བདག་དཔལ་མགོར་བཙན། ཤིང་མོ་བྱ་ལོ་ལ་ཡར་ལུང་འཕང་ཐང་དུ་འཁྲུངས། ལོ་བཅུ་གསུམ་ལ་ཡབ་འདས། རྒྱལ་སར་བཏོན། སྨན་ལུང་ལ་སོགས་པའི་ལྷ་ཁང་བརྒྱད་བཞེངས། དེ་ལ་སྲས་གཉིས། ཁྲི་བཀྲ་ཤིས་བརྩེགས་པ་དཔལ་དང་། ཁྲི་སྐྱིད་ལྡེ་ཉི་མ་མགོན་གཉིས་སོ། །ཉི་མ་མགོན་མངའ་རིས་སུ་བྱོན་པས། སྤུ་རང་སུ་སྐུ་མཁར་ཉི་བཟུངས་བརྩིགས་ཏེ་ཆབ་སྲིད་བཟུང་། དེ་ལ་སྲས་གསུམ། ཆེ་བ་དཔལ་ལྡེ་རིག་པ་མགོན་གྱིས་མང་ཡུལ་བཟུང་། བར་པ་བཀྲ་ཤིས་ལྡེ་སྤུན་གྱིས་སྤུ་རངས་བཟུང་། ཆུང་བ་ལྡེ་གཙུག་མགོན་གྱིས་ཞང་ཞུང་བཟུང་། ཉི་མ་མགོན་གྱི་སྲས་གསུམ་པོ་འདི་ལ་སྟོད་ཀྱི་མགོན་གསུམ་ཟེར། ལྡེ་བཙུན་མགོན་ལ་སྲས་གཉིས། སྲང་ངེ་དང་འཁོར་རེ་གཉིས་སོ། །དེའི་དུས་ན་དབུས་གཙང་ན་སྡོམ་པ་དང་བཤད་ཉན་གྱི་བཀའ་ཆད་ནས་མེད་དོ། །བཙན་པོ་སྲོང་ངེའི་སྐུ་ཚེའི་སྟོད་ལ་ཁབ་བཞེས་ཏེ་སྲས་ན་ག་ར་ཛ་དང་ངྷེ་བ་ར་ཛའོ། །སྐུ་ཚེའི་སྨད་ལ་ཡབ་མེས་ཀྱི་བཀའ་ཚིགས་ཀྱི་ཡི་གེ་གཟིགས་པས་ཐུགས་སྐྱོ་ནས། ཡབ་ཀྱི་གདུང་གསོབ་པའི་ཕྱིར་རབ་