[A:80]ལྔ་པ། ཧོར་གྱི་རྒྱལ་རབས་དང་དེས་མཐའ་བཞིའི་རྒྱལ་ཁམས་དབང་དུ་འདུས་པའི་སྐོར།ཆེན་པོ་ཧོར་གྱི་རྒྱལ་རབས་དང་། རྒྱལ་ཁམས་མནན་པའི་ལོ་རྒྱུས་ནི། བོད་ཀྱི་རྒྱལ་པོའི་རྒྱལ་ས་ཞིག་ནས་ཡུན་མི་རིང་བ་ཞིག་ན་ཧོར་གྱི་རྒྱལ་པོ་བྱུང་བ་ཡིན་ནོ། །དེའང་གནམ་གྱིས་བསྐོས་པའི་ཇིང་གི་རྒྱལ་པོས་ས་ཆེན་པོ་སྡུད་པ་ལ། བདེ་བར་གཤེགས་པའི་བསྟན་པ་མཆོག་ཏུ་བཟུང་ནས་བཀུར་སྟི་བྱས། དེ་རྟིང་བསོད་ནམས་ཅན་གྱི་སེ་ཆེན་རྒྱལ་པོས་ཡངས་པའི་རྒྱལ་ཁམས་འཇགས་སུ་བཅུག་ནས། སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་ཐུགས་ཆེས་ཤིང་ལེགས་པར་བསྐྱངས་པའི་ཚུལ། ཐོབ་ཅན་ན་འདི་ལྟར་ཡོད་པར་སྣང་སྟེ། དང་པོར་གནམ་གྱི་བུ་སྦོར་ཏ་ཆེ། དེའི་བུ་བ་ད་ཆི་གན། དེའི་བུ་ཐམ་ཆག དེའི་བུ་ཆི་ཁི་མེར་ཁན། དེས་ད་ལྟ་སྲིན་པོའི་ཁ་གནོན་བྱེད་པ་གྲགས་པ། པདྨ་འབྱུང་གནས་ཡིན་ཟེར། དེའི་བུ་ཨའུ་འཇམ་སྦོ་རེ་འོལ། དེའི་བུ་ཡེག་ཉེ་བདུན། དེའི་བུ་སེམས་ཟའོ་ཇི། དེའི་བུ་ཁ་ཇུ། དེའི་བུ་དོ་བུན་མེར་ཁན། དེ་འདས་རྟིང་།ནག་མོ་ཨ་ལན་བོ་ཁ་ལས། ཉི་མ་དང་ཟླ་བའི་ཟེར་མ་སྐྱེས་པ་སྦོ་དོན་