[A:81]ཆར་མུང་ཁག དེའི་བུ་བ་གེ་ཆི། དེའི་བུ་སྦ་ཁིར། དེའི་བུ་མ་ནག་ཐོ་དོན། དེའི་བུ་གའི་ཐུ་གན། དེའི་བུ་བའི་ཤིང་། དེའི་བུ་ཁོར་དོག་ཤིང་། དེའི་བུ་དོམ་བུ་ནའི་ཁན། དེཞིའི་བུ་བར་ཐན་འབའ་དུར། དེའི་བུ་ཡེ་པུ་ཀ་བ་དུར། དེ་དང་བཙུན་མོ་ཧུ་ལུན་གཉིས་ཀྱི་སྲས་ཐའི་ཛུ་ཇིང་གི་རྒྱལ་པོ། ཆུ་ཕོ་རྟ་ལ་འཁྲུངས། སྤུན་ལྔ་ཡོད་པའི་ཕུ་བོ་ནུ་བོ་རྣམས་ཀྱིས་རེས་བཞི་བྱས་ཟེར། ཇིང་གི་རྒྱལ་པོས་རྒྱལ་ཁམས་དབང་དུ་བསྡུས་ནས་རྒྱལ་པོ་ལོ་ཉི་ཤུ་རྩ་གསུམ་མཛད། མེ་མོ་ཕག་གི་ལོ་སྟོན་ཟླ་དང་པོའི་ཚེས་བཅུ་གསུམ་ལ་དགུང་ལོ་དྲུག་ཅུ་རྩ་དྲུག་ལ་གནམ་དུ་གཤེགས། དེའི་སྲས་འཇོ་ཆི། ཆ་ག་ཏའི། ཨ་གོ་ཏའི། ཐོ་ལོ་ནོ་ཡོན་ལ་སོགས་བུ་དགུ་ཡོད། རྒྱལ་པོ་རང་བཞུགས་དུས། སྲས་ཆེ་བ་གཉིས་ཀྱིས་རྒྱལ་ས་མི་རྩོད་པའི་ཡི་གི་བྱིན་ནས་གཡས་རུ་ལ་བསྐོས། ནུ་བོ་ཨོ་གོ་ཏའི་རྒྱལ་པོས་རྒྱལ་ས་ལོ་དྲུག་མཛད། འཇོ་ཆི་ལ་བུ་བརྒྱད། ཆ་ག་ཏའི་ལ་བུ་དུ་བ་ལ་སོགས་བུ་དགུ་ཡོད། ཨོ་གོ་ཏའི་རྒྱལ་པོའི་སྲས་ཆེ་བ་གོ་ཡུག་རྒྱལ་པོས
འདི་འཇའ་སད་མ་བྱུང་
རྒྱལ་ས་ཟླ་བ་དྲུག་མཛད། དེའི་ནུ་བོ་གོ་དན། ཁ་ཤི། ཁ་དན་ལ་སོགས་བུ་བདུན་ཡོད། ཐོ་ལོ་ནོ་ཡོན་གྱིས་སྔར་ཡི་གེ་མ་ཤོར་བས་རྒྱལ་ས་ལ་རྩོད་པ་ཡོད་ཅིང་། ཟ་ཡིན་ཨེ་ཁ་ཟོ་རོག་ཏའི་སྲས་དམོང་ཁེ་རྒྱལ་པོས་འདི་འཇའ་སད་མ་་བྱུང་
རྒྱལ་ས་ལོ་དགུ་བཟུང་། བཞི་པ་གོ་པེ་ལ་ཤི་ཛུ་སེ་ཆེན་སེ་གན་ཤིང་མོ་ཕག་ལ་འཁྲུངས། དྲུག་པ་ཧུ་ལ་ཧུ། བདུན་པ་ཨ་རི་སྦོ་ཁ་