[A:ཏ]
རྒྱལ་པོ་ཟས་གཙང་གི་སྲས་སུ་ཇི་ལྟར་བྱོན་པ། དེས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་ཚུལ། བཀའི་བསྡུ་བ་ཇི་ལྟར་བྱུང་བ། དངོས་དང་བརྒྱུད་པའི་སྒོ་ནས་གཏད་རབས་བདུན་ལ་བསྟན་པའི་གཉེར་ཁ་གཏད་པ། ཤིང་རྟ་ཆེན་པོ་རྣམས་ཀྱིས་འཕགས་ཡུལ་དུ་རྒྱལ་བསྟན་ཉིན་མོ་ལྟར་གསལ་བར་མཛད་པ། བོད་ཡུལ་མུན་པའི་གླིང་དུ་དམ་པའི་ཆོས་ཀྱི་དབུ་བརྙེས་སྲོལ་གཏོད་དར་རྒྱས་ཇི་བྱུང་། བསྟན་པའི་འཕེལ་འགྲིབས། བསྟན་པ་ཕྱི་དར་ཇི་ལྟར་བྱུང་ཚུལ་རྣམས་བཀའ་དང་དགོངས་འགྲེལ། རྒྱལ་རབས་དེབ་ཐེར་ཆོས་འབྱུང་ཁག་ལས་རྒྱ་ཆེར་གསལ་ཞིང་། མདོར་བསྡུས་པ་ཙམ་ནི་སློབ་དེབ་ནང་ནས་ཀྱང་གསལ་བས། འདིར་སྐབས་སུ་བབས་པ་ནི།།