R962: གངས་ལྗོངས་མདོ་སྔགས་ཀྱི་བསྟན་པའི་ཤིང་རྟ་དཔལ་ལྡན་ས་སྐྱ་པའི་ཆོས་འབྱུང་མདོར་བསྡུས་སྐལ་བཟང་ཡིད་ཀྱི་དགའ་སྟོན།

  • Pagination (Witness A): ༡༡
[A:༡༡]བ་ལ་ཞེན་ན་ངེས་འབྱུང་མིན། །བདག་དོན་ལ་ཞེན་ན་བྱང་སེམས་མིན། །འཛིན་པ་བྱུང་ན་ལྟ་བ་མིན། །ཞེས་ཆོས་ཀྱི་སྡོམ་ཆེན་གསུངས་པས་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་གནད་ཐམས་ཅད་དུས་གཅིག་ཆར་དུ་གཟིགས། བྲང་ཏི་དར་མ་སྙིང་པོ། ཁྱུང་རིན་ཆེན་གྲགས། མེས་ལྷང་ཚོར། བ་རི་ལོ་ཙ་བ་རིན་ཆེན་གྲགས། གཉན་ལོའི་ཐུགས་སྲས་བླ་མ་གནམ་ཁའུ་པ། མལ་ལོ་ཙ་བ་བློ་གྲོས་གྲགས། སྤུ་ཧྲེང་ལོ་ཆུང་། རྡོ་རྗེ་གདན་པ། བལ་པོའི་པཎྜི་ཏ་གཉིས། འཁོན་སྒྱི་ཆུ་བ། འཁོན་དཀོན་མཆོག་རྒྱལ་པོ་སོགས་ལས་མངོན་པ། ཚད་མ། དབུ་མ། བྱམས་ཆོས་ལྔ། སེམས་འགྲེལ་སྐོར་གསུམ། སྨན་གྱི་སྐོར་སོགས་བཀའ་བསྟན་གཞུང་ལུགས་རྒྱ་ཆེ་དང་། རྒྱུད་སྡེ་ཆེན་པོ་བཞིའི་དབང་། རྒྱུད་བཤད། མཆོག་མཐུན་གྱི་དངོས་གྲུབ་སྒྲུབ་པའི་མན་ངག་བསམ་མི་ཁྱབ་དུ་མ་དང་། གུར་ཞལ་གྱི་སྐོར་སོགས་བུམ་པ་གང་བྱོའི་ཚུལ་དུ་གསན། གསན་པ་དེ་དག་ཀྱང་ཐོས་ལོ་ཙམ་མ་ཡིན་པར་མཁྱེན་རབ་ཀྱི་རྩལ་ཆེ་བ་དང་།